R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 170b
[A:170b]ཐོན། ཞྭ་ལྟར་ཚོགས་པ་སུམ་སྟོང་བརྒྱད་བརྒྱ། རི་ཕུག་ཏུ་སྡེ་སྣོད་འཛིན་པ་ཤ་དག་དང་། འདག་སྦྱར་བུག་སྒོ་ཅན་ལ་བཞུགས་པའི་དགེ་འདུན་ལྔ་བརྒྱ་ལྷག་རེ་འདུས། སྟག་ཚལ། འོར་མོ། ཚ་མིག
བྲེ། འབྲས་ཡུལ། ཤངས། དབེན་དམར་ལ་སོགས་པར་སྐྱེ་བོ་ཁྲི་ཁྲག་མང་པོ་ལ་སེམས་བསྐྱེད་གནང་། རྒྱ་གར་གྱི་རྒྱལ་པོ་པུཎྱ་མལ་གྱིས་འཕྲིན་ཡིག་སྐྱེས་དང་བཅས་ནས་ཕུལ། ཆོས་ཟབ་མོའི་སྐྱེས་
ལན་གནང་བས་གུས་པར་འཛིན། རྒྱ་ནག་ནས་རྒྱལ་པོ་ཐོ་གན་ཐིི་མུར་གན་གྱིས་གདན་འདྲེན་གྱི་གསེར་ཡིག་པ་བཏང་བ་དབེན་པར་བཞུགས་པའི་ཐུགས་དམ་གྱིས་བཟློག གཤེད་དམར་གྱི་རྒྱུད་སོགས་
གསུང་རབས་མང་པོ་ཞུ་ཆེན་མཛད་དེ་གཞི་གནས་བསྒྱུར། འགྱུར་ཆོས་དང་ཧོར་ཁོང་བསབ་པ་མང་པོས་བསྟན་པའི་སྲོག་ཤིང་མཛད། རེ་གཉིས་པ་ལ་གཡའ་ཕག་གཉིས་ཀྱི་འཁྲུག་སྡུམས་ལ་དབུས་
སུ་བྱོན་པའི་ལམ་དུ་མྱང་སྟོད་ཆུ་མིག་ར་ལུང་སོགས་སུ་ཆོས་མང་དུ་གསུངས། རྩིས་ཀྱི་མཁན་པོ་ནམ་མཁའ་རིན་ཆེན་སོགས་དགེ་སློང་དགེ་ཚུལ་མང་པོའི་མཁན་སློབ་མཛད། ར་སོགས་ལྷ་བཙུན་གྱི་བུའི་ལྐུགས་