[A:171b]ཆུའི་འཇིགས་པ་ལས་བསྐྱབས་པ་ཡིན་གསུངས། དེ་ནས་དྭགས་པོ་མཁར་ལུང་བཟང་སུ་ཕེབས། དཔལ་ལྡན་བླ་མ་གདན་འདྲེན་པར་བརྩམས་པ་ན། རོང་མི་ཀུན་གྱིས་དམག་གིས་བཀག་པས་དཔུང་གི་ཁྲོད་དུ་ཐོག་བབས་
ཏེ་སྟར་ཀའི་སྡོང་བོ་ཕྱེ་མར་བརླབས་པས་ས་སྐྱ་པའི་འདྲེ་བྱུང་ཟེར་ནས་སྐྲག་སྟེ་སླར་དད་པར་གྱུར། སྒྲུམ་པ་དང་། སྒོམ་ཚིགས་པ་སོགས་སྐྱེ་བོ་མང་པོ་ལ་སེམས་བསྐྱེད་གནང་། སྒམ་པོ་རིན་པོ་ཆེ་སོགས་དམ་པ་མང་པོའི་མཁན་སློབ་མཛད།
དེ་ནས་དཔལ་ལྡན་བླ་མ་གདན་དྲངས་ནས་ཡར་བྱོན། གདན་ས་ཐེལ་དང་། བསམ་ཡས་སོགས་སུ་ལྷ་བཙུན་བསོད་ནམས་འོད་ཟེར་སོགས་དགེ་བཤེས་སྐྱེ་བོའི་ཚོགས་སྟོང་ཕྲག་མང་པོ་ལ་ཆོས་གསུངས། ཡེར་པ། གུང་ཐང་། འཕྲུལ་
སྣང་། ར་མོ་ཆེ། མཚུར་ཕུ། དབུ་རི། གཞུ་ཀུན་ར། སྙེ་མོ། ཚ་མིག གྱ་བ་མདོ་ཕུག་ལ་སོགས་པ་གནས་བཤད་གྲྭ་སྒོམ་གྲྭ་ཆེ་ཆུང་རྣམས་སུ་སྔགས་མཚན་ཉིད་ཀྱི་བཤད་སྲོལ་སྔགས་
མེད་པ་རྣམས་སྲོལ་བསྟོད། ཡོད་པ་རྣམས་དར་ཞིང་རྒྱས་པར་མཛད། སྐྱེ་དགུའི་ཚོགས་འབུམ་ཕྲག་མང་པོ་ཐེག་པ་ཆེན་པོའི་ལམ་དུ་བཀོད་དེ། སླར་རི་ཕུག་ཏུ་ཕེབས་ནས་སྔར་བཞིན་དུས་ཆོས་རྣམས་དང་