[A:172a]སྦྱོར་དྲུག རིམ་ལྔ། སྤྲོས་མེད། ཆོས་དྲུག ངལ་པོ། ཞི་བྱེད་སོགས་ཀྱི་ཁྲིད་བཀའ་དང་། རྒྱུད་སྡེ་བཞིའི་དབང་བཤད་བྱིན་བརླབས་ཀྱི་བཀའ་བར་མ་ཆད་དུ་གནང་། རེ་
གསུམ་པ་ལ་དབང་ལྡན་འབྲས་སྤུངས་ཀྱི་ཆག་ཚུལ་བསྒྱུར། རི་ཕུག་ཏུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞེངས། དཔོན་ཆེན་དབང་བརྩོན་སོགས་སྐྱེ་བོ་མང་པོ་བྱང་ཆུབ་ལ་བཀོད། ཧོར་རྒྱལ་བུ་པྲཛྙཱ་ཅིང་ཟེའུ་ཙིང་དབང་
འཁོར་ཧོར་བརྒྱ་ཕྲག་དང་བཅས་པ་ལ་དུས་འཁོར་གྱི་དབང་གནད་ཟབ་ཆོས་ལ་སྦྱར། ཆོས་ཡོན་དུ་བཙོན་བསོད་ངེས་སྟོང་ཕྲག་མང་པོའི་སྲོག་བསྐྱབས། ཁྲོ་ཕུར་ཁྲོ་ལོའི་གདན་ས་མཛད་དེ་བཤད་གྲྭ་དང་སྒོམ་
གྲྭ་བསྐྱངས། ས་སྐྱར་བྱོན་ནས་གདུང་རྒྱུད་པ་དང་སྡེ་སྣོད་འཛིན་པ་གནམ་གྱི་སྐར་མ་ཙམ་ཆོས་ཀྱིས་ཚིམ་པར་མཛད། ཁྲུ་སོ་དྲུག་པའི་དཔལ་མཆོག་རིགས་བསྡུས་ཀྱི་དཀྱིལ་འཁོར་བཞེངས་ནས་ཆོས་ཀྱི་རྒྱལ་
མཚན་པ་ལ་དབང་བསྐུར། ལྷ་ཁང་ཆེན་མོར་རྡོར་དབྱིངས་ཀྱི་དཀྱིལ་འཁོར་བློ་བློངས་རྒྱུ་རིན་པོ་ཆེ་ལས་གྲུབ་པ་རྩ་ཐིག་ཁྲུ་བཅུ་གཉིས་པའི་བཀོད་པ་མཛད་དེ་བཞེངས། རེ་བདུན་པ་ལ་ཞྭ་ལུའི་གདན་