R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 174a
[A:174a]གསན་ནས། དེ་ཞུ་བའི་ཆེད་དུ་ཞྭ་ལུར་ཕེབས་པ་ལ་དུས་འཁོར་གྱི་དབང་རྒྱུད་བཤད་སྦྱོར་དྲུག་གི་ཁྲིད་མ་ལུས་པར་སཾ་སྐྲི་ཏའི་སྐད་དུ་གནང་བས། པཎ་ཆེན་དེ་མཆོག་ཏུ་དགྱེས་ཤིང་གུས་
པ་ཆེན་པོས་ལེགས་པར་གསན་ནས། སླར་རྒྱ་གར་དུ་ཐེགས་ཏེ་དེའི་རྒྱུན་དར་བར་མཛད་དོ༎ བསོད་ནམས་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ནི་ཡབ་བདག་ཉིད་ཆེན་པོ་བཟང་པོ་དཔལ་དང་། ཡུམ་ཞྭ་ལུ་
བ་གཞོན་ནུ་འབུམ་གྱི་སྲས་སུ་ཆུ་ཕོ་བྱི་བ་ལོ་ལ་ས་སྐྱར་སྐུ་འཁྲུངས། ཟླ་བ་གསུམ་ན་ཉན་ཆེན་བསོད་ནམས་བརྟན་པ་ལ་དྲིལ་བུ་བའི་དབང་དང་། དགུང་ལོ་གསུམ་པ་རོང་པ་ཤེར་སེང་ལ་གཤེད་དམར་གྱི་དབང་གསན། བརྒྱད་
པ་ལ་བརྟག་གཉིས་གསུངས། བཅུ་གཅིག་པ་ལ་བླ་ཆེན་ཀུན་བློ་བ་ལ་དགེ་བསྙེན་མནོས། བཅུ་བདུན་པ་ལ་མཁན་ཆེན་བསོད་གྲགས་པས་མཁན་པོ། དཔལ་ལྡན་སེང་གེ་བས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། ཉི་
ཤུ་པ་ལ་མཁན་སློབ་དེ་གཉིས་དང་། རིན་ཆེན་དཔལ་བཟང་པས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། མནལ་ལམ་དུ་པཎ་ཆེན་ཤཱཀྱ་ཤྲཱི། ས་སྐྱ་པཎྜི་ཏ། ཕ་དམ་པ་རྣམས་དང་མཇལ། བླ་མ་རིན་ཆེན་