R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 174b
[A:174b]དཔལ་བཟང་པོ་ལ་སྦྱོར་དྲུག་གསན་པས་སྟོང་གཟུགས་ཀྱི་འཇམ་དབྱངས་ལོངས་སྐུའི་རྣམ་པ་གཟིགས། བྲག་ཁ་བ་དང་། སྔོན་པ་ཆོས་དཔལ་བཟང་པོ་དང་། མཁན་ཆེན་བསོད་གྲགས་པ་ལ་སྦྱོར་དྲུག་གསན་པས་དྲུང་
རྩོལ་ལ་དབང་འབྱོར། བླ་མ་དཔལ་ལྡན་སེངྒེ། བྲག་ཕུག་པ་བསོད་ནམས་དཔལ། གཞོན་ནུ་དཔལ་བཟང་པོ། དཔང་བློ་གྲོས་བརྟན་པ། གན་པ་རིན་ཆེན་རྒྱལ་མཚན། བུ་སྟོན་རིན་པོ་ཆེ།
མཁན་ཆེན་གཞོན་ནུ་མགོན་པོ། རྒྱལ་སྲས་ཐོགས་མེད་པ། ལོ་ཆེན་བྱང་རྩེ་རྣམས་ལ་བསྟེན་ནས། ཕར་ཚད་འདུལ་མངོན་དབུ་མ་སོགས་བདེ་སྣོད་ཀྱི་གཞུང་ལུགས་རབ་འབྱམས་དང་། སྒྲ། སྙན་ངག
བསྡེབས་སྦྱོར། མངོན་བརྗོད་ལ་སོགས་པ་ཐ་སྙད་ཀྱི་གཞུང་ལུགས་མང་པོ་དང་། ཁྱད་པར་གསང་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོའི་དབང་རྒྱུད་བཤད་མན་ངག་མཐའ་དག་ལ་ལེགས་པར་སྦྱངས་པས། མཁས་པ་ཟླ་མེད་
པར་གྱུར། ཁྱད་པར་དུ་དཔང་ལོ་ལ་རྒྱུད་འགྲེལ་གསན་དུས་ཁྱེད་ཀྱིས་འདི་ཅི་ནས་ཀྱང་ལེགས་པར་མཁྱེན་པར་མཛོད་ཅིག་ཅེས་དོ་དམ་ཆེར་མཛད་ནས་གསུངས་པས། སླད་མར་བུ་སྟོན་རིན་པོ་ཆེ་ལ་དུས་འཁོར་