[A:176a]མོ་ལྔ་བཅད་པ་ན། ཆོས་རྗེ་ཉིད་ཏབ་ཏབ་པོར་བྱོན་ཏེ་དེའི་སོར་མོ་རྣམས་བསྒྲིགས་ཞལ་ཆབ་བཏབ། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་བརླབས་གནང་བས་དེའི་ནུབ་མོ་སོར་མོ་སྔོན་བཞིན་
དུ་སོས། དེ་ནས་སྙེ་ཐང་དུ་བཞུགས་ནས་དགེ་འདུན་གྱི་ཚོགས་ཆེན་པོ་ལ་བར་ཆད། བརྟག་གཉིས། ལམ་འབྲས་སྦྱོར་དྲུག་རྣམས་གནང་། དེ་ནས་གདན་ས་ཐེལ་དུ་སྤྱན་སྔ་བ་སོགས་སྡེ་སྣོད་འཛིན་པ་མང་པོ་ལ་དུས་འཁོར་གྱི་རྒྱུད་
བཤད་ལམ་འབྲས་སྦྱོར་དྲུག་སོགས་གནང་། དེ་དུས་ལོ་གཅིག་གི་ཁོངས་སུ་བསམ་ཡས་ཀྱི་ཞིག་གསོས་མཐའ་དག་གྲུབ། རབ་གནས་ཀྱི་ཚེ་དགེ་འདུན་ཁྲི་ཕྲག་ལྷག་ཙམ་འདུས་ལྷའི་མེ་ཏོག་སྣ་ལྔ་པའི་ཆར་བབ། དེ་ནས་ས་
སྐྱར་བྱོན་ཏེ་ཆོས་གསུང་པའི་སྐབས་སུ། ཧོར་གྱི་གདན་འདྲེན་པ་བྱུང་བས། དཔོན་སློབ་བཅོ་བརྒྱད་ཀྱིས་ཟླ་བ་གཉིས་ཀྱི་བར་དུ་ཉིན་མོ་བཞུགས་ཤིང་མཚན་མོ་འབྲོས་པའི་དཀའ་བ་སྤྱད་ནས། ཞེ་བརྒྱད་པ་ལ་ཡང་
མཁར་ལུང་བཟང་སུ་བྱོན། དེར་ལོ་གཅིག་གི་བར་དུ་སྐུ་མཚམས་མཛད་ནས་སློབ་མ་མང་པོ་ལ་ལམ་འབྲས་དང་། སྦྱོར་དྲུག་གི་ཁྲིད་བཀའ་མང་པོ་བུག་སྒོ་ལས་གནང་། དུས་འཁོར་ཊཱིཀ་ཆེན་མཛད་པར་བརྩམས་པ་ན་