R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 175b
[A:175b]དུ་གྱུར། རྭ་སྒྲེང་དུ་ཇོ་བོའི་རྒྱ་དཔེ་རྣམས་གཟིགས་པས་འཇའི་གུར་ཕུབ། དགེ་འདུན་རྣམས་ལ་ཆོས་གསུངས་པས་མེ་ཏོག་གི་ཆར་བབ། དཔོན་སློབ་ཉི་ཤུ་ཙམ་ཀླུང་ཤོད། འོལ་ཁ། དྭགས་པོ་སྨན་ལུང་། ཙྭ་དེ་ཡུལ་
རྣམས་བརྒྱུད་དེ་རྫམ་ཡུལ་གྱི་མཁར་ལུང་བཟང་སུ་ཕྱག་ཕབ། ལོ་གཅིག་གི་བར་དུ་ཐུགས་དམ་འདག་འབྱར་ལ་བཞུགས། བུ་སྟོན་རིན་པོ་ཆེ་གདན་འདྲེན་ལ་ཕེབས་པས། གཙང་དུ་འབྱོན་པ་ནི་མ་
གནང་བར་དབུས་སུ་བསྐོར་ཅིག་ཕེབས། བླ་ཆེན་བསོད་བློ་བ་གདན་སར་བརྫངས། སླར་ཡང་དྭགས་པོ་ཐེགས། མ་གཅིག་དབང་བའི་གདན་འདྲེན་བྱུང་བས་འགྱོགས་པར་བྱོན་ཏེ། བོ་དོང་ཨེར་ཡུམ་སྲས་
མཇལ། མ་གཅིག་འདས་པ་དག་པའི་ཞིང་དུ་འདྲེན་པར་མཛོད། དེ་ནས་ས་སྐྱར་མཁས་བཙུན་སྟོང་ཕྲག་མང་པོ་ལ་དབང་དང་ལམ་འབྲས་ཀྱི་ཁྲིད་གནང་། དབུས་སུ་ཕེབས་ཏེ་ཉན་པོར་ཕར་ཕྱིན་
གསུང་དུས། གྲོས་ཀུན་མཁྱེན་པས་ཐུབ་པ་ཆེན་པོ་ཤེར་ཕྱིན་གསུང་བར་མཐོང་། ཤེས་རྡོར་བས་ཆོས་རྗེ་ཉིད་འཇམ་དབྱངས་སུ་མཐོང་སྟེ། མཎྜལ་གྱི་རྒྱན་གྱི་ཆེད་དུ་རང་ཉིད་ཀྱི་ལག་པའི་གསོར་