R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 180a
[A:180a]དར་བྱང་ལས་རབ་ཏུ་བྱུང་སྟེ་རིན་ཆེན་རྣམ་རྒྱལ་དུ་བཏགས། ཕར་མངོན་དང་སྒྲ་ཚད་མཁས་པར་མཁྱེན་པས་སྒྲ་ཚད་པར་གྲགས། རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་སུ་མ་ཏི་ཀཱི་ཏི་མགུར་
མོར་བྱོན་པ་ལ། བུ་སྟོན་རིན་པོ་ཆེས་དྲི་བ་ཉི་ཤུ་འདྲིར་བཏང་བའི་ཚེ་དེ་ལ་དབྱངས་ཅན་མ་དང་རླུང་སྦྱོར་ཟབ་མོ་གསན། པཎྜི་ཏ་དེས་བུ་སྟོན་ལ་བསྟོད་པ་དང་འཕྲིན་ཡིག་དུས་འཁོར་གྱི་བུམ་སྨན་ཚང་མ་ཕུལ།
བསྟོད་འཕྲིན་དེ་བསྒྱུར་བས་ལོ་ཙཱ་བར་གྲགས། དབྱངས་ཅན་མའི་པི་ཝང་གི་སྒྲ་གསན། བསླབ་པ་ལ་སྐྱོན་ཞིག་བྱུང་བ་ལེགས་པར་གཤེགས་ནས་དེ་ཉིན་རང་བུ་སྟོན་རིན་པོ་ཆེ། སྐྱབས་མཆོག་དཔལ་
བཟང་པོ། དར་བྱང་པ་ལ་མཁན་སློབ་ཞུས་ནས་ཚིག་རྫོགས་སུ་བསྙེན་པར་རྫོགས། འདུལ་བ་བྱམས་ཆོས་དབུ་མ་སོགས་སྡེ་སྣོད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་སྦྱངས། རྒྱུད་སྡེ་ཀུན་གྱི་དབང་རྒྱུད་
བཤད་མན་ངག་དང་བཅས་པ་གསན་པས་བུམ་པ་གང་བྱོར་མཁྱེན། ཁྱད་པར་སྦྱོར་དྲུག་གསན་དུས་ཟླ་བ་གསུམ་མུན་མཚམས་ལ་བཞུགས་པས་བསམ་གཏན་གྱི་རྟོགས་པ་འཁྲུངས་ཤིང་མངོན་པར་ཤེས་པ་མངའ། དགྲ་ནག་