R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 180b
[A:180b]གི་དབང་ཞུས་དུས་ནམ་མཁའ་ལ་འཕགས་ནས་གར་མཛད། ཕག་དཀར་དང་བདེ་མཆོག་གི་ཞལ་གཟིགས། གཤིན་རྗེ་གཤེད་ཀྱི་སྦྱིན་བསྲེག་མཛད་པས་མེ་ལྕེ་ལས་བཀྲ་ཤིས་པའི་རྟགས་ཤར། སོ་དགུ་པ་ལ་
བུ་སྟོན་རིན་པོ་ཆེས་ཞྭ་ལུའི་གདན་སར་བསྐོས་ཏེ། ཞལ་བསྐོས་མང་པོ་གནང་། ཨ་ཏི་ཤའི་གསུང་བཞིན། སྦྲུལ་གྱི་སྤགས་པ་བརྗེས་ཀྱང་སྦྲུལ་མི་བརྗེད། ཁོ་བོ་འཆི་ཚུལ་བསྟན་ཀྱང་ཨ་ཏི་ཤ།
དེ་བས་ཆགས་ཤིང་ཞེན་པ་མ་ཆེ་བར༎ དགའ་ལྡན་གནས་སུ་ཁོ་བོའི་དྲུང་དུ་ཤོག། ཅེས་གསུངས་རྗེས་བཀའ་བཞི། འཕགས་ཡོག་དུས་གསུམ། བདེ་མཆོག སམྤུ་ཊའི་རྒྱུད་དུས་ཆོས་སུ་གསུངས། རྒྱུད་
རྣམས་ལ་ལེའུ་མཚམས་མ་གཏོགས་ཆོས་ཐུན་རིང་ཐུང་མེད་པ་དང་། གདན་བཞི་གསུང་པ་ལ་དཔོན་སློབ་ལ་བལྟ་ཕྱོགས་ཚུན་སྔན་མ་ལས་མ་འགྱུར་བར་མཛད། ལན་ཅིག་སློབ་དཔོན་འཇམ་དཔལ་བ་ལ་བསམ་ཡས་
རྒྱལ་པོ་དངོས་སུ་འོངས་ཏེ་བར་ཆད་བརྩམས་པས་ཁོང་ལ་གྲྭ་ལྔའི་དབང་དང་བསྲུང་བ་གནང་བ་ཙམ་གྱིས་རྒྱལ་པོས་ཁོང་ཇི་ཙམ་བཙལ་ཡང་མི་མཐོང་བ་བྱུང་། དེ་མ་གཏོགས་ལོ་དགུའི་རིང་བུ་སྟོན་ཉིད་ལ་ཆོས་གསན་པ་དང་།