[A:182a]ཀྱི་རྗེ་སྤྱན་སྔ་རིན་པོ་ཆེ་དང་། དཔལ་ཀུན་བཟང་རྩེ་པས་དུས་འཁོར་དང་ཡོ་གའི་དབང་བཀའ་ཕྱག་ལེན་གསན་ཅིང་སྦྱངས། དཔལ་ཀུན་བཟང་རྩེ་པ་ལ་བདག་གིས་དུས་འཁོར་གྱི་
དབང་ཡོངས་སུ་རྫོགས་པ་མནོས་སོ༎ མཁས་བཙུན་བསོད་ནམས་དོན་གྲུབ་པ་ནི། ཐུགས་སྲས་ལོ་ཙཱ་བ་ལས་དབང་རྒྱུད་མན་ངག་མ་ལུས་པ་གསན་ཅིང་སྦྱངས་པས་དུས་འཁོར་ལ་མཆོག་ཏུ་མཁས་ཤིང་གྲུབ་པ་ཞིག་
གོ། དེའི་སློབ་མ་སྐུ་ཞང་ཆོས་རྗེ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ནི། ཐོག་མར་ཐུགས་སྲས་ལོ་ཙཱ་བ་ལས་རབ་ཏུ་བྱུང་ཞིང་། དགེ་སློང་བྱང་སེམས་རྡོ་རྗེ་འཛིན་པ་ཆེན་པོ། ཁྱད་པར་དུ་
བསོད་ནམས་དོན་གྲུབ་པ་ལས་དུས་འཁོར་གྱི་དབང་རྒྱུད་བཤད་མན་ངག་མ་ལུས་པར་གསན་ནས་སྦྱངས་པས་མཁས་ཤིང་གྲུབ་པ་བརྙེས་ཏེ། རུ་དགོན་གསར་དུ་དུས་འཁོར་གྱི་བཤད་གྲྭ་དང་ཕྱག་ལེན་གྱི་སྲོལ་བཙུགས་པས་
དེང་སངས་གི་བར་དུའང་གྲྭ་བཟང་ཤོས་སུ་བྱུང་། མངོན་པར་མཁྱེན་པ་དང་། མཚན་མོ་མུན་ནང་དུའང་ཞལ་རས་ཟླ་བ་ལྟར་དཀར་སྒོར་གསལ་བ་དང་། རཱ་ཧུ་ལ་མཁའ་ལ་རྒྱུ་བ་ལ་སྡིགས་མཛུབ་མཛད་པས་