R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 181b
[A:181b]རླུང་བསལ། ཧོར་བི་མ་ལ་གུ་ཤྲཱི་ལ་བདུད་གཞེར་པ་ནག་པོ་ཕོག་པའི་དུག་བསལ། བདུན་བཅུ་པ་ས་ཕོ་འབྲུག་ལ། དབོན་པོ་གྲགས་རྒྱལ་འདི་ལ་ཆོས་བུམ་པ་གང་བྱོར་གཏད་ཡོད་པས་གདན་སར་བསྐོས་
ཤིག ཅེས་གསུངས་ཏེ་ཞྭ་ལུ་རི་ཕུག་ཏུ་དབུའི་ད་ཙུག་ནས་གླངས་པ་ལྟ་བུའི་འོད་དཀར་དམར་བ་ཐག་ཙམ་པ་ཐོན་ནས་བླ་རེ་ལ་ཟུག་པའི་ཆོ་འཕྲུལ་དང་བཅས་ཏེ་དགའ་ལྡན་དུ་གཤེགས་སོ༎ རྗེ་འདིའི་ཐུགས་
སྲས་མཆོག་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་། མཁས་བཙུན་བསོད་ནམས་དོན་གྲུབ་གཉིས་ཀྱི། སྔ་མ་ནི་ཞྭ་ལུའི་གདན་སར་བཞུགས་ནས་འགྲོ་དོན་རྒྱ་ཆེར་མཛད་ཅིང་། སྣེ་གདོང་རྩེར་
ཆོས་རྒྱལ་གྲགས་པ་འབྱུང་གནས་པས་བླ་མར་གདན་དྲངས། དབུས་ཕྱོགས་ཀྱི་མཁས་བཙུན་མང་པོ་འཕགས་ཡོག་དུས་གསུམ་སོགས་ཆོས་ཀྱིས་ཚིམ་པར་མཛད། རྩེས་ཐང་གི་ཡོ་ག་དང་དུས་འཁོར་སོགས་ཀྱི་སྒྲུབ་
མཆོད་རྣམས་ཀྱང་རྗེ་འདིའི་འཕྲིན་ལས་ལས་བྱུང་བ་ཡིན་ནོ༎ རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱ་མཚོ། དེའི་སློབ་མ་རྡོ་རྗེ་འཛིན་ཡེ་ཤེས་རྒྱ་མཚོ་བ་ནི། དེ་དུས་ཆོག་གཡོག་ཏུ་ཕེབས་པ་སླད་མར་དབུས་སུ་གདན་དྲངས་ཏེ། ཆོས་