[A:184a]རྣམས་ལ་མཁའ་ཁྱབ་མཁའི་རྡོ་རྗེ་ཅན་ཡིན་པས་གསོལ་བ་གར་བཏབ་ཏུ་འོང་། དུས་འཁོར་སྨོན་ལམ་རེ་ཐོབ་ཅེས་གསུངས་ཏེ། རེ་བརྒྱད་པ་ཆུ་མོ་བྱ་ལ་འཇའ་འོད་དུ་པི་ཝང་
གླིང་བུའི་སྒྲ་དང་བཅས་ཏེ་སྐུའི་བཀོད་པ་བསྡུས། དབུ་ཐོད་ལ་ཨ་ཡིག་འབུར་དུ་དོད་པ་བྱོན་ཏོ།། དེ་ལ་བདག་གི་བླ་མ་དུས་ཞབས་པས་དབང་རྒྱུད་མན་ངག་མནོས་སོ༎ རྗེ་བཙུན་དཔལ་ཆེན་བཟང་པོ། རྗེ་བཙུན་དཔལ་ཆེན་བཟང་
པོ་ནི། ཡུལ་གཉལ་སྟོད་གཡུ་རྦེ་ཕྱེའུ་གྲོང་དུ། ཡབ་རྡོ་རྗེ་འཛིན་པ་ཆེན་པོ་གྲུབ་སྟོན་བསོད་ནམས་བཟང་པོ་དང་། ཡུམ་སྙི་བ་མོ་རྒྱལ་མ་སྐྱིད་ཀྱི་སྲས་སུ་མེ་ཕོ་འབྲུག་ལ་འཁྲུངས། དགུང་
ལོ་བདུན་པ་ལ་སྟེའུ་རར་བྱོན་ཏེ། མཁན་པོ་ཆག་རིན་ཆེན་འབྱུང་གནས་དཔལ་བཟང་པོ་དང་། སློབ་དཔོན་ཐང་ཆེན་པ་ཚུལ་ཁྲིམས་དཔལ་ལས་རབ་ཏུ་བྱུང་མཚན་དཔལ་ཆེན་བཟང་པོར་བཏགས།
མཁན་པོ་ལ་གསང་འདུས་རྒྱུད་འགྲེལ་དང་། དུས་འཁོར་རྒྱུད་འགྲེལ་ཆག་ལུགས་གསན་ཏེ་ལེགས་པར་སྦྱངས། བླ་བྲང་པ་བློ་གྲོས་དཔལ་བ་ལ་གསང་འདུས་རྒྱུད་འགྲེལ་སྦྱོང་རྒྱུད། ཕྲེང་བསྐོར་