R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 184b
[A:184b]གསུམ་གྱི་བཤད་པ་གསན། བླ་བྲང་བ་ཤཱཀྱ་དཔལ་ལ་གཤེད་དམར་བདེ་དགྱེས་གསང་འདུས་སོགས་ཆག་པའི་ཆོས་སྐོར་གསན། རྗེ་དེ་གཤིན་རྗེ་གཤེད་དངོས་སུ་གཟིགས། གྲུབ་ཆེན་མངྒ་ལ་ཤྲཱི་ཞེས་པ་བདེ་
མཆོག་གི་གྲུབ་ཐོབ་དགུང་ལོ་བརྒྱ་བཞེས་ཀྱང་སྐུ་ལུས་གཞོན་ནུ་དང་མཚུངས་པ་ལས་ལས་ཆེན་བཅུ་གཉིས་འཕྲལ་དུ་སྒྲུབ་པ་ལ་ཚེགས་མེད་པ། རཱ་ཧུ་ལ་བཞུགས་གདན་གྱི་འོག་ཏུ་འཛུད་ནུས་
པ་དེ་ལྟེའུ་རའི་ཟུར་ཁང་དུ་བཞུགས་པ་ལ། བདེ་གསང་དུས་གསུམ། ཀུན་རིག་སོགས་གསན། བླ་མ་དེ་དབང་མཛད་པའི་དབང་གཡོག་མཛད་དེ་ཕྱག་ལེན་ཤིན་ཏུ་བྱང་། ཆག་དར་མ་རྡོ་རྗེ་
ལ་གནས་ཀྱི་བླ་མ་བཅོལ་ཏེ་འདུལ་བའི་བསླབ་བྱ་ལ་བྱང་བར་གྱུར། སྐྲགས་ཕུག་ཏུ་ཁུ་བོ་གྲུབ་ཐོབ་ལེགས་ལྡན་འོད་ལ་གསང་དུས་ཀྱི་དབང་ཞུས། དཀྱིལ་འཁོར་གྱི་གཙོ་བོ་དངོས་སུ་གཟིགས། དེ་ནས་བརྩམས་ཏེ་
རྡོ་རྗེ་འཆང་དངོས་ཀྱི་འདུ་ཤེས་ཁོ་ན་ལས་ཐ་མལ་གྱི་རྟོག་པ་མི་མངའ། གྲུབ་ཆེན་དེ་ལ་ཆག་ལུགས་ཀྱི་སྦྱོར་དྲུག་དང་རིམ་ལྔ་དང་དབང་རྒྱུད་མན་ངག་མཐའ་དག་གསན། མི་གཡོ་སྔོན་པོ་གསན་པས། ཁྱོད་དང་