[A:188a]སྒང་ཆུང་དུ་རྟོགས་ལྡན་རིན་ཆེན་ལྷུན་པོ་སོགས་སྒྲུབ་པ་བ་མང་པོ་ལ་སྦྱོར་དྲུག་དང་རིམ་ལྔའི་གདམས་ངག་གནང་ནས་སྒྲུབ་གྲྭ་བཙུགས། སྟོན་དཔྱིད་ཟླ་བ་གཉིས་སྐུ་མཚམས་བསྡམས་ནས་
སྦྱོར་དྲུག་སོགས་ཀྱི་རྫོགས་རིམ་ལ་ཐུགས་དམ་མཛད། དེ་ལྟར་བཤད་སྒྲུབ་ཀྱི་སྒོ་ནས་ཐུབ་པའི་བསྟན་པ་རྒྱས་པར་སྤེལ་ཏེ། དོན་དགུ་པ་ཤིང་ཕོ་ཁྱི་ལོ་ལ་དགའ་ལྡན་དུ་གཤེགས་སོ༎ ཆོས་རྗེ་རིན་པོ་ཆེ་ཡེ་ཤེས་དཔལ་བཟང་པོ། དེའི་སྲས་ཀྱི་ཐུ་བོ་
ཆོས་རྗེ་རིན་པོ་ཆེ་ཡེ་ཤེས་དཔལ་བཟང་པོ་ནི། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་གཅུང་དར་མ་དབང་ཕྱུག་གི་སྲས་མངའ་བདག་དཔལ། དེའི་སྲས་ཁྲ་དཔལ། དེའི་སྲས་ཆག་འཕགས་པ་དང་། ཡུམ་
དཔལ་དར་སྐྱིད་ཀྱི་སྲས་སུ་མེ་མོ་ལུག་ལ་གཉལ་སྨད་ཆག་གྲོང་དུ་བལྟམས། བླ་བྲང་བ་བཟང་པོ་དཔལ་ལ་སེམས་བསྐྱེད་དང་ཨ་ར་པ་ཙ་ན་གསན། དགུང་ལོ་བདུན་པ་ལ་རྗེ་བཙུན་དཔལ་ཆེན་པ་ལས་དགེ་
བསྙེན་མནོས། བཅུ་གཅིག་པ་ལ་གཤེད་དམར་གྱི་བསྙེན་པ་མཛད་པས་མནལ་ལམ་དུ་ཧྲཱིཿཎྡིའི་སྔགས་ལྕགས་བསྲེགས་པ་ལྟ་བུ་ཞལ་དུ་གསོལ་བའི་སྣང་བ་བྱུང་། གསང་འདུས་ཀྱི་དབང་ཞུས་དུས་བླ་མ་དཀྱིལ་འཁོར་