R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 187b
[A:187b]ཕུག་ཏུ་ཆོས་གཞི་མཛད་དེ། སྤྱིར་ན་ཆོས་ཀྱི་བཀའ་དྲིན་ལེགས་ཐོབ་པའི༎ བཤེས་གཉེན་དམ་པ་བཞི་བཅུ་ལྷག་པ་རྣམས༎ གུས་པས་བསྟེན་ཏེ་མང་དུ་ཐོས་གྱུར་ཅིང་༎ ཐོས་པ་ཇི་བཞིན་གཞན་
ལ་བསྟན་བསམ་དང་༎ སྦྱོར་བ་ཡིས་ཀྱང་འཕགས་ཡོག་དུས་གསུམ་དང་༎ བདེ་དགྱེས་གཉིས་དང་དཀའ་བ་བཞི་པོ་དང་༎ འགྲེལ་བཅས་དབུ་མ་རྩ་འཇུག་སྤྱོད་འཇུག་དང་༎ སྐྱེས་པའི་རབ་དང་གཞན་ཡང་
སྔགས་ཕྲན་མང་༎ ལན་མང་བཤད་པས་རིགས་ཟུགས་འབྱོར་ལྡན་གྱུར༎ དད་བློ་བརྩོན་འགྲུས་ལྡན་རྣམས་དགའ་བར་བྱོས༎ ཤེས་ཀྱང་གདམས་སྟེ། བླ་བྲང་བ་ཆོས་དཔལ་བཟང་པོ་སོགས་
དགེ་བའི་བཤེས་གཉེན་མང་དུ་འདུས་པ་ལ། དཀའ་ཆེན་བཞི། དབུ་མ་རྩ་ཤེ། ཚིག་གསལ། རིན་ཆེན་ཕྲེང་བ། སྤྱོད་འཇུག སྐྱེས་རབས་ཏིང་འཛིན་རྒྱལ་པོ་རྣམས་དང་། གསང་
འདུས་འཕགས་སྐོར། དུས་འཁོར་རྒྱུད་འགྲེལ་ཕྲན་དང་བཅས་པ། བདེ་དགྱེས་གཤེད་དམར་ཡོ་ག་ཕྲེང་བ་སྐོར་གསུམ་རྣམས་ཀྱི་བཤད་གྲྭ་བཙུགས་ཏེ་དབྱར་དགུན་གྱི་ཟླ་བ་དྲུག་དུས་ཆོས་སུ་མཛད། བསམ་གཏན་