R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 192a
[A:192a]ང་རྒྱ་གར་དུ་འོངས་ནས་བོད་གཅིག་ལ་ཆོས་ཞུ་བ་མི་རིགས་མོད་འོན་ཀྱང་ལན་གཅིག་སོང་དང་སྙམ་སྟེ་བྱོན་ནས་གསེར་ཐམས་ཅད་དེར་བཅོལ་ལོ༎ དེ་ནས་མ་ག་དྷ་དང་མཉེན་ཡོད་སོགས་ཡུལ་ཀུན་
དུ་ཙ་མི་ནི་བོད་ཡིན་ལ། ཁྱེད་རྒྱ་གར་ན་མཁས་ཤིང་གྲུབ་པ་ཐོབ་པ་སུ་ཡོད་ཅེས་དྲིས་པས། ཁ་མཐུན་པར་རྡོ་རྗེ་གདན་པ་ཨ་བྷ་ཡཱ་ཀ་ར་བྱ་བ་ཡོད་ཟེར་བས། དེའི་དྲུང་དུ་བྱོན་ནས་གསེར་སྲང་བདུན་གྱི་མཎྜལ་
ཕུལ། བདེ་མཆོག་གི་དབང་དང་། ལྷན་སྐྱེས་ཀྱི་གདམས་ངག་གནང་བ་བསྒོམས་པས་སྐུ་ཁམས་མི་བདེ་བ་ཞིག་བྱུང་བ་བླ་མ་ལ་ཞུས་པས། དེ་ལ་ཚེགས་མེད་གསུངས་ནས་གདམས་ངག་ཅིག་བསྟན་པ་
ཞག་གསུམ་བསྒོམས་པ་རང་གི་ཕན། དུས་རེ་ཤིག་ན་ཨ་བྷ་ཡས་ཙ་མི་ལ་ཆོས་ཉན་པ་ཚོར་ནས། ཨ་བྷ་ཡ་ལས་ཀྱང་ཙ་མི་ཆེ་བར་འདུག་པས། ད་དུང་པཎྜི་ཏ་གཞན་ཞིག་བཙལ་དགོས་སྙམ་ནས་
གོས་ཕྱར་བུ་ཟས་གདན་གཅིག་པས་ལོ་གསུམ་བསོད་སྙོམས་མཛད་ཅིང་མཉེན་ཡོད་ལ་སོགས་པ་ཐམས་ཅད་དུ་བྱོན། རྡོ་རྗེ་གདན་གྱི་བྱང་གི་ག་ཡ་མགོའི་རིར་ག་ཡ་འོད་སྲུངས་ཀྱི་ལྷུང་བཟེད་བསིལ་བྱེད་གཟིམ་མལ་