R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 193a
[A:193a]ཁ་རོག་པར་འདུག་སྟེ་ཏུ་རུ་ཀྵའི་དམག་བྱུང་ངོ་བྱས་པས། ཁམས་འདུས་ནས་འདག་སྒོ་བཤིག་ཏེ་རྡོ་རྗེ་གདན་གྱི་གནྡྷོ་ལའི་སྟེང་དུ་ཤོར། མཁས་འདུས་སོལ་བ་དང་། སླར་ཡང་འདག་
འབྱར་བྱས་ནས་སྒྲུབ་པ་ལོ་ཕྱེད་དང་གསུམ་མཛད་པས། རྟགས་མང་བོ་བྱུང་བ་ཙ་མི་ལ་ཞུས་པ་དང་། དེས་ཨ་བྷ་ཡ་ལ་བཤད་པས། དེ་བུག་སྒོར་བྱོན་ནས་ཁྱོད་ལ་ཡོན་ཏན་འདི་འདྲ་བ་བྱུང་བ་བདེན་ནམ་གསུང་བ་
ལ། དེ་བདེན་བཞུས་པས་རྟགས་ཀྱི་འཕྲོ་ཆད་དོ༎ དེ་ཙ་མི་ལ་ཞུས་པས། ད་དུང་ཡང་བསྒོམས་དང་མི་འོང་བའི་དགོས་མེད་ཀྱི་རྟགས་བྱུང་བ་ན་ང་ལ་ཡང་མ་སྨྲ་གསུང་། སླར་ཡང་ལོ་དྲུག་བསྒོམས་པས་རྟགས་
དང་ཡོན་ཏན་སྔར་བས་ཆེས་ལྷག་པ་འཁྲུངས། སྒྲོལ་མ་བྱོན་ནས་བུ་བསིལ་བའི་ཚལ་དུ་སོང་ལ་ཚོགས་ཀྱི་འཁོར་ལོ་གྱིས་དང་དངོས་གྲུབ་ཐོབ་པར་འགྱུར་རོ་གསུངས་ནས་མི་སྣང་བར་གྱུར། དེ་ནས་བླ་མ་གཉིས་ལ་
བསིལ་བའི་ཚལ་དུ་འགྲོ་བར་ཞུས་པས་ཡེ་མ་གནང་བས། སླར་ཡང་ལོ་གཅིག་དང་ཟླ་བ་ལྔར་བསྒོམས་ནས། ལྷས་ལུང་བསྟན་པ་དང་དྲོད་ཐོབ་པའི་རྟགས་རྣམས་ཙ་མི་ལ་ཞུས་ནས་དུར་ཁྲོད་དུ་འགྲོ་བའི་བཀའ་གནང་