[A:193b]བར་ཞུ་བྱས་པས། འོ་ན་སྲོད་ལ་ཕྱིན་ན་བཟང་གསུངས་གྲི་གུག་བསྐུར་གཡོག་པོ་ཉམས་རྟོགས་རྩལ་ཅན་ཅིག་བཏང་ནས་ཚོགས་དང་གཏོར་མ་བཟང་པོ་ཤོམ་དུ་བཅུག་གོ། དེ་ནས་སྲོད་ལ་ཕྱིན་ཏེ་ལམ་ཁ་ན་
དུར་ཁྲོད་ཀྱི་བདག་པོ་ཞིང་སྐྱོང་གི་རྟེན་ཤིང་ནྱ་གྲོ་དྷའི་སྡོང་བོ་ཅིག་ཡོད་པའི་དྲུང་དུ་བཞུགས་པས། ཤིང་ལས་ཚེག་སྒྲ་དང་བཅས་ཏེ་མེ་འབར་བའི་ཁྲོད་ནས། ཁྱོད་ཤིང་འདི་དང་ལྷན་ཅིག་བཅིང་ངོ་ཟེར་བ་དང་ཡར་
གཟིགས་པས་མིའི་ལུས་ལ་ཕག་གི་མགོ་བོ་ཅན་ཅིག་སྣང་བ་ལ། སྤྲུལ་པའི་གཟུགས་མ་སྟོན་པར་རང་གཟུགས་སྟོན་གཅིག་གསུངས་པས། སྡོང་བོའི་རྩ་བ་ནས་སྦྲུལ་ལྗང་ཁུ་སྦོ་དམར་བ་གདུང་ཙམ་ཞིག་
བྱུང་བ་ཤིང་དེ་ལ་འཁྲིགས་ནས་སོང་། ནང་པར་གྱི་དུས་སུ་མདང་གི་གཡོག་པོ་དེ་བྱུང་ནས། བར་ཆད་མ་བྱུང་ངམ་ཟེར་བ་ལ། ང་འདྲ་བའི་དཔལ་ཧེ་རུ་ཀ་ལ་སུས་བར་ཆད་བྱེད་པ་གསུངས། དེ་ནས་
དུས་ཁྲོད་ཀྱི་དཀྱིལ་ན་ནྱ་གྲོ་དྷའི་ཕུག་ཅེས་པ་ཤིན་ཏུ་འཇིགས་པ་ཞིག་གི་ནང་དུ་བྱོན་ཏེ་ཚོགས་དང་གཏོར་མ་བཤམས་ནས་བཞུགས་པའི་དུས་སུ། དེའི་ཕྱི་མཐའ་ན་རོ་ལངས་ཤ་ཟ་ལྕེ་སྤྱང་ཐམས་ཅད་