[A:195a]ཐོགས་པའི་ཀེང་རུས་ཀྱི་མི་བདུན་བྱུང་ནས་རྣ་བར་མདའ་འཛུགས་པ་ལ་སོགས་པའི་ཆོ་འཕྲུལ་བསྟན་ཡང་། ཉམ་ང་བ་མ་སྐྱེས་པས་རུས་པར་སྤུངས་ཀྱིས་སོང་ངོ་༎ དེར་གསེར་འོད་དམ་པ་
ནས་བཤད་པའི་དེ་བཞིན་གཤེགས་པ་བཞིའི་ཞལ་གཟིགས། སྐབས་ཤིག་ན་མེ་ཇོ་སྲས་གསང་ནས་ནྱ་གྲོ་དྷའི་ཕུག་ན་འདུག་པ་ཚོར་ནས་དེ་ཤི་དོགས་ཏེ་བྱོན་ཙ་ན་ཁ་བུབ་ཏུ་ཤི་ནས་འདུག གཡོག་པོ་ཅིག་
རྩེའུ་ཆུང་ཕྲིག་ཕྲིག་ཤི་ལ་ཤད་འདུག་པ་ལ་ཆོས་གོས་ཀྱི་ཐུ་བ་རྒྱབ་པས་སོས་ཏེ་ཡུལ་དུ་བསྐྱལ་ལོ༎ དེ་ནས་ནྱ་གྲོ་དྷའི་ཕུག་གི་གཡོན་ན་རྡོའི་དབང་ཕྱུག་རང་བྱུང་ཞིག་ཡོད་པའི་སྟེང་དུ་བཞུགས་པས།
ང་ཡུལ་འདི་ནས་མ་འབུད་བྱ་བའི་སྒྲ་ཞིག་གྲག་པ་དང་། རྒྱལ་པོ་ར་མ་པཱ་ལ་དབང་ཆེ་སྟེ་ངས་ཡུལ་ནས་ཕུད་དོ་གསུངས་པས། ཅུང་ཞིག་ན་ནམ་མཁའ་ལས་འུར་སྒྲ་ཆེན་པོ་དང་། མུ་སྟེགས་པའི་ལྷ་དང་མིའི་
དམག་དཔག་ཏུ་མེད་པས་བསྐོར་བྱུང་བ་ལ། ཧེ་རུ་ཀ་སྤྱན་གསུམ་པར་བསྟན་པས་བྲོས་སོ༎ ཡང་ཕུག་དེའི་གཡོན་ན་སྤྱན་རས་གཟིགས་ཀྱི་སྐུ་རང་བྱོན་གཅིག་ཡོད་པའི་དྲུང་དུ་བསྒོམས་པས། སྤྱན་རས་གཟིགས