[A:195b]དང་། འོད་ཟེར་ཅན་བྱོན་ནས་གདམས་ངག་གནང་། ཆོས་སྐྱོང་གི་རྡོ་སྐུ་རང་བྱོན་གྱི་དྲུང་དུ་བཞུགས་པ་ན། ལས་མགོན་བྱ་རོག་གདོང་ཅན་ནམ་མཁའ་ལ་བྱོན་པ་ལ་བསྟོད་པ་མཛད། ས་ལ་ཡེ་ཤེས་མགོན་པོ་ཕྱག་
བཞི་པ་བྱོན་པ་ལ་སྲོག་སྙིང་དང་སྒྲུབ་ཐབས་ལ་སོགས་པ་ཞུས། ཕྱིས་ཙ་མིའི་སྒྲུབ་ཐབས་དང་ཞུས་དག་བྱས་པས་རྩ་སྔགས་དང་སྲོག་སྙིང་ལ་ཁྱད་མ་བྱུང་། དེ་ལྟར་བསིལ་བའི་ཚལ་དུ་ཟླ་བ་དགུ་བཞུགས་པས། མ་ག་དྷ།
ཤར་བྷཾ་ག་ལ། ལྷོ་ཀོ་ས་ལ། ནུབ་ཁ་ཆེ་དང་ཨུ་རྒྱན། བྱང་ཝ་ར་ཎ་སཱི་སོགས་རྒྱ་གར་བོད་རྒྱ་ནག་འཛམ་བུ་གླིང་ཐམས་ཅད་དུ་སྙན་པའི་གྲགས་པས་ཁྱབ། རྒྱལ་པོ་ར་མ་པཱ་ལས་གྲུབ་པའི་མཚན་མ་སྟོན་པར་ཞུས་
ནས། དུར་ཁྲོད་ཀྱི་མཚོ་གཉན་པོ་ཞིག་ཡོད་པའི་འགྲམ་དུ་རྒྱལ་པོ་དཔུང་ཚོགས་དང་བཅས་པ་དང་། ཕྱི་ནང་གི་པཎྜི་ཏ་མང་བོ་དང་། བལྟད་མོ་བ་མང་པོ་ཚོགས་པ་ན། མཚོའི་སྟེང་དུ་སྐྱིལ་དཀྲུང་བཅས་ནས་
བཞུགས་པས། མུ་སྟེགས་པ་རྣམས་ཆུ་ལ་མི་འབྱིང་བ་རླུང་བསྒོམས་པས་འོད་འདི་ལ་ངོ་མཚར་ཅི་ཆེ་ཟེར་བ་ལ། རང་འདྲའི་སྐུ་བདུན་སྤྲུལ་ཏེ་མུ་སྟེགས་པ་སུན་ཕྱུང་བས་ཐམས་ཅད་འདུད་པར་གྱུར་ཅིང་། རྒྱལ་པོས་