[A:196a]གདན་དྲངས་སྐུ་བཀྲུས་པའི་ཆུས་ཁྲུས་འཐུང་བྱས་ཕོ་བྲང་ལ་གཏོར། གླང་བོ་ཆེ་འཆར་བྱེད་ལ་བླུད་མ་ཐག་ངེས་ཏུ་རུཀྵའི་དམག་ཕམ་པར་བྱས་པས་རྒྱལ་པོ་མཆོག་ཏུ་དད། རྡོ་རྗེ་
གདན་དུ་ཤཱཀྱ་ཐུབ་པའི་ཞལ་གཟིགས། བྱ་རྒོད་ཕུང་བོའི་རི་བོར་ཟླ་བ་གསུམ་བཞུགས་དུས་ཨུ་རྒྱན་ནས་པཎྜི་ཏ་མང་བོ་རྒྭ་ལོའི་རྫུ་འཕྲུལ་བལྟ་བ་ལ་བྱོན་པ་ན། བྱ་ཆེན་པོ་ཞིག་ཕུར་བྱུང་བ་ལ་ལྟ་སྟངས་མཛད་
པས་ས་ལ་ལྷུང་སྟེ་ཤི་བས། དེ་རྣམས་མ་རངས་པ་དང་སེ་གོལ་གཅིག་ཏོགས་པས་འཕུར་ནས་སོང་། དེར་ཡང་ཐུབ་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གཟིགས། དེ་ནས་ན་ལནྡར་བྱོན་པའི་ལམ་དུ་
མི་ཐམས་ཅད་ཀྱིས་མེ་ཏོག་གཏོར་བའི་གསེབ་ཏུ་མ་ཐར་ཏེ་ཕྱག་དགོས་པ་བྱུང་བས་པཎྜི་ཏ་རྣམས་སྔན་ཆད་འདི་འདྲ་བའི་མི་ཐམས་ཅད་དད་ཅིང་འདུན་པ་འོང་མ་མྱོང་ཟེར། གྲུབ་ཐོབ་འགས་ཀྱང་ཞབས་ལ་བཏུད་དོ༎ ཀོ་ས་
ལ་ཀྲ་མར་བཞུགས་དུས་རྒྱ་གར་ཤར་ཕྱོགས་ནས་གྲུབ་ཐོབ་གསུམ་སོགས་རྣལ་འབྱོར་པ་ལྔ་བརྒྱ་མཇལ་དུ་བྱུང་ཞིང་། སིངྒྷ་ལ་དང་། གསང་གླིང་དང་། ཟངས་གླིང་ལ་སོགས་པའི་གླིང་ཕྲན་དྲུག་གི་ཚོང་བ་