[A:197a]དྲིན་བཟོར་ལོ་གཉིས་བཞུགས། རྒྭ་སྟོན་དང་། དཔལ་ཕག་མོ་གྲུབ་པ་ལ་གདམས་པ་གནང་། འཕན་ཡུལ་རྒྱལ་དུ་དུས་གསུམ་མཁྱེན་པ་ལ་གདམས་པ་གནང་། བྱང་གི་འབབ་རོང་དུ་ལོ་
གཅིག མདོ་ཁམས་སྐམ་པོ་གངས་རར་ལོ་བདུན་བཞུགས། མདོ་སྨད་དུ་བྱོན་ནས་ཡབ་ཡུམ་ནི་མི་བཞུགས། མཁན་པོ་ལ་གདམས་ངག་ཕོག་སྟེ་ཉམས་རྟོགས་ལ་བཀོད། སྦྱོར་དྲུག་གི་གདམས་པས་འབྲི་ལུང་དུ་སློབ་
མ་གྲུབ་པ་ཐོབ་པ་བདུན་བྱུང་། རྒྱ་ནག་རྒྱལ་པོས་གདན་འདྲེན་བྱུང་བས་དེ་ལ་བྲོས་ནས་ཡར་བྱོན། མདོ་ཁམས་སྒང་དུ་མི་ནག་པོས་ཆོས་བསྣུབས་པ་རྣམས་བཏུལ་ཏེ་ཐམས་ཅད་ཆོས་ལ་བཀོད། སྟོང་ཚར་ལྷ་ཁང་དང་རབ་སྒང་སྦ་
མདའི་གཙུག་ལག་ཁང་སོགས་ལྷ་ཁང་བཤིག་པ་ཐམས་ཅད་བསོས། ཁམས་ཀྱི་ནག་ཆུ་ལ་སྐྱིལ་དཀྲུང་གིས་ཕར་ཆོད་ཚུར་ཆོད་མཛད་པས། ཕྲང་དེ་ལ་ཕྱིན་ཆད་འདུལ་བ་ལ་དགྲ་མེད་པར་མཛད། ནག་ཤོད་དུ་ཞང་ལ་
སྦྱོར་དྲུག་གནང་། དེ་ནས་ཡང་འབབ་རོམ་དང་མགོར་འཛོང་བྲག་སོགས་སུ་བཞུགས་ཏེ། སྐུའི་བཀོད་པ་གསུམ་སྟོན་པ། ཞལ་གྱི་དཀྱིལ་འཁོར་ནམ་མཁའ་ལྟར་ཆེ་བ། སྐུ་བགྲེས་གཞོན་སྣ་ཚོགས་སུ་སྟོན་པ་ལ་