R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 197b
[A:197b]སོགས་པའི་ཆོ་འཕྲུལ་སྣ་ཚོགས་པ་སྟན་ནས་འགྲོ་བ་མང་པོ་རྡོ་རྗེའི་ཐེག་པ་ལ་བཀོད་པས། སློབ་མའི་ཚོགས་གྲུབ་པ་ཐོབ་པ་མང་དུ་བྱུང་། གྱ་དགུ་པ་ལ་རྩེ་ཤོད་རངས་རྫོང་མགོར་རྡོ་རྗེའི་སྐྱིལ་དཀྲུང་ལས་མི་གཡོ་བར་ཤིང་
བལ་ལྟར་ཡང་བའི་སྐུ་གདུང་བཞག་སྟེ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ༎ གདུང་བཞུགས་ལ་ཕུལ་བའི་དུ་བ་ལ་ངོ་མཚར་བའི་ལྟས་དུ་མ་བྱུང་ངོ་༎ རྗེ་ས་སྐྱ་པ་ཆེན་པོས་དཔལ་རྒྭ་ལོ་ལ་སྦྱོར་དྲུག་གསན་
ནས། མ་རྒྱུད་ཀྱཻ་རྡོ་རྗེའི་སྦྱོར་དྲུག་ཅེས་པའི་ཡི་གེ་ཡང་མཛད་དེ། སློབ་དཔོན་བསོད་ནམས་རྩེ་མོ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་གནང་། ཁྱད་པར་དུ་རྗེ་བཙུན་ལ་བུ་ངས་ཁྱོད་ལ་ཆོས་བསྟན་པ་
ཐམས་ཅད་འདིར་འདུས་པ་ཡིན་ཏེ། བྱང་ཆུབ་སེམས་ཀྱི་བདག་ཉིད་དངོས། དངོས་པོའི་ཆོས་ཉིད་གདན་དུ་བྱ། འབྱུང་བ་རླུང་ལ་སྦར་ཟིན་བྱ། གཏུམ་མོའི་དྲོད་རབ་ཏུ་བསྐྱེད། བྱང་ཆུབ་ཆུ་རྒྱུན་དབུ་མར་
བཞུགས། ས་སོགས་འབྱུང་བ་དབང་དུ་བསྡུས། ཡེ་ཤེས་ལྔ་ནི་སྔོན་གྱུར་ནས། འཆི་བ་མེད་པའི་གནས་ཐོབ་པོ། ཞེས་གསུངས་ཏེ། རྐང་བ་དང་པོ་གཉིས་ཀྱིས་སོར་བསམ། གསུམ་པས་