R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 200a
[A:200a]ནས་མ་ཕྲེལ་བ་དང་། ནག་པོ་བསྐོར་ལིང་ཞིག་གི་དཀྱིལ་ན་མི་ཐོད་སྐམ་པོ་རྩིག་གེ་བ་དང་། སྦར་གནག་པོའི་དཀྱིལ་ན་མིག་དམར་རྩེ་རེ་སོགས་བྱུང་བས། ནག་ཤོད་རི་དཔུང་དུ་
བླ་མ་ལ་ཞུས་པས། འོད་དེ་རླུང་གི་འབྱུང་བ་འཁྲུགས་པའི་འོད་ཡིན། ཐོད་པ་དེ་རྩ་ནང་དུ་རླུང་ཆུད་པའི་བརྟགས་ཡིན། མིག་དམར་རྩེ་རེ་བ་དེ་ལ་མཛུ་གུ་ཚུགས། འཚོ་བ་ངན་པས་ལན་པ་ཡིན་
གསུང་། མར་ཁུ་དང་ཐུད་ཡོད་ཚད་འཚལ་བ་ཡིན་ཏེ་ཞུས་པས། དེས་མི་ཕན་རབ་ཏུ་བྱུང་བ་ཤ་མི་ཟ་ཡང་ཤ་དང་རུས་པ་ཕན། ཅི་རི་རི་ཟ། ཅི་རི་རི་སྒོམ་དགོས་པ་ཡིན། ཁམས་སོས་པ་དང་འཕྲོ་
ཆོད་གསུང་ནས། སེ་ཁྱིམས་སུ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་གནང་། ཐམས་ཅད་བོར་ལ་འབད་འབུངས་ཐོན་ལ་བསྒོམས་དང་འཕྲོ་མ་བཅད་པར་བྱས་པས་ང་གཟོང་གཤའ་མ་འོང་བ་ཡིན་གསུངས། རྩེ་གཅིག་ཏུ་བསྒོམས་
པས་ཉམས་ཀྱི་ཀློང་རྡོལ། མགོན་པོ་མགུལ་ཁུག་མ་དང་མི་གཡོ་བ་དང་ཆབ་གཏོར་བཱ་སུ་ཀི་གསན། དེ་ནས་ཡབ་སྲས་འགྲོགས་ཏེ་དབུས་སུ་བྱོན། རང་ཡུལ་ཚ་བ་གྲུ་ར་གདན་གྲངས་ནས་བསྙེན་བསྐུར་