R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 199b
[A:199b]གོ། ང་མ་ལྟོ་གསུང་བ་དེ་བཤད་ཀྱི་མི་ལྟོ་གསུང་བར་གོ། དེ་ནས་ཕྱག་ཕྱིར་འབྲངས་ཏེ་རྟག་ཏུ་མཎྜལ་ཕུལ་ཞིང་གསོལ་བ་བཏབ་པས། ཐོག་མར་རླུང་ལ་སེམས་འཛིན་པའི་མན་ངག་གནང་། དབང་བསྐུར་གཅིག་གནང་བར་ཞུས་པས། ངའི་དབང་ཡོན་ལ་ཇ་
སིག་བཞི་བཞི་དངུལ་བྲེ་བཞི་བཞིར་ཕབ་ཡོད་པ་འབྱོར་ན་བྱ་གསུང་། གྲུབ་ཐོབ་ཡིན་པས་བརྡས་མཛད་པར་གོ་ནས། དེ་རྣམས་ཡིད་ཀྱིས་ཕུལ་ཏེ་ཕུལ་ཟིན་ལགས་ཞུས་པས། བྱར་བཏུབ་ཁྱོད་ཀྱི་ཕ་དེ་ཡང་དེ་འདྲ་
འབྱོར་འབྱོར་བ་འདུག་གསུང་། དེར་བདེ་མཆོག་གི་དབང་བསྐུར། རྩ་མིའི་སེམས་སྦྱོང་རིན་པོ་ཆེའི་ཕྲེང་བ། ཡི་གེ་ཉེར་གསུམ་པ་དང་ལྷས་སྐྱེས་རྣམས་གནང་། སྤྱིར་རྡུལ་ཚོན་དང་རས་བྲིས་ལ་བརྟེན་པའི་དབང་གཉིས་
ཏིང་ངེ་འཛིན་གྱི་དབང་བསྐུར་གསུམ། དབང་གོང་མ་ཡོངས་སུ་རྫོགས་པ་གཅིག རླུང་བུམ་པ་ཅན། གཏུམ་མོའི་གདམས་པ་གནང་། དེ་ནས་ལྐོག་སྐྱེའུ་དགོན་པར་མཚམས་བཅད་རླུང་བུམ་པ་ཅན་དང་།
ལུས་སྤྱོད་ལ་འབུངས་པས་ཉམས་མྱོང་དང་མཐོང་སྣང་གི་བྱེ་བྲག་མང་པོ་བྱུང་སྟེ་རླུང་ནམ་གཟུང་ཙམ་ན་འོད་ཁ་དོག་སྣ་ཚོགས་པ་དང་། མེ་སླ་ང་ཙམ་པ་དང་། ལག་པ་ནག་པོ་གཉིས་ཀྱིས་མགོ་ནས་མར་བསྡམས་