[A:201a]མཉེས་ཏེ་སྟོན་ཆུང་ངའི་ཟླ་ལ་ཉོལ་གསུངས་ནས་བླ་མའི་འདབ་ཏུ་ཉལ། ཁྱོད་དོ་ནུབ་བསྒོམས་ཤིག་གསུང་པ་ལ་ཐང་ཆད་པས་མནལ་བ་འོད་གསལ་འབའ་ཞིག་ཏུ་སོང་། ནམ་ལངས་
པ་དང་། བླ་མ་རྣམས་གདམས་ངག་སོ་སོ་ཡིན་ཀྱང་བྱིན་བརླབས་གཅིག་ཏུ་འོང་། ཉམས་ལ་བོགས་ཤིག་ཐོན་འདུག་གསུངས། བླ་མ་ཁྲིའི་སྟེང་ན་བཟང་པོའི་འདུག་སྟངས་མཛད། སྤྱན་གསུམ་ཡོད་པའི་
དབུས་མའི་སྤྱན་འབྲས་ཁམ་ཆིལ་ལེ་བ་ཆིལ་ལེ་བ་གཅིག་གཟིགས། དེ་ནས་བླ་སྐུ་འདའ་ཚུལ་མ་བསྟན་གྱི་བར་དུ་ཞབས་ཏོག་བྱས་ཏེ་གདམས་ངག་ལྷག་མ་རྣམས་ཞུས། བྱ་མཁར་ཕུག་ཏུ་བསྒོམས་པས་དྲོད་ལ་
བསྟེན་ནས་ཞབས་ལ་ཚེར་མ་ཟུག་པ་ཡང་བདེ་བར་ལྷང་ལྷང་སོང་། ལན་ཅིག་རྐྱེན་ཅི་ཡང་མེད་པར་སྣང་བ་ཐམས་ཅད་ནམ་མཁའ་སྤྲིན་དྭངས་པ་བཞིན་བུན་གྱིས་སོང་། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བ་ནམ་མཁའ་
ལྟ་བུར་རྟོགས། གདོད་མ་ཉིད་ནས་དངོས་པོ་ཐམས་ཅད་རྟོགས། ཤེས་སོགས་མགུར་ཡང་གསུངས། དེ་ནས་དྭགས་པོ་སྒོམ་ཚུལ་གྱི་དྲུང་དུ་བྱོན་པས། འོ་ཁྱོད་བླ་མ་དཔལ་ཆེན་པོ་ལྟ་བུ་བསྟེན་ནས་ཐུགས་མ་ཚིམ་མམ་