R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 201b
[A:201b]གསུངས། བླ་མ་ཚིམ་པ་མིན་ཏེ། དོགས་པ་ཞིག་གཅོད་དུ་འོངས་པ་ལགས་ཞུས་པས། ཕྱག་རྒྱ་ཆེན་པོའི་གདམས་ངག་གཅིག་གནང་། བསམ་གཏན་གྱི་ཤེས་རབ་དང་རྟོག་དཔྱོད་ཀྱི་ཡན་ལག་མཐར་ཕྱིན། རྒྱ་གར་
བཻ་རོ་ཙ་ན་བཛྲ་དང་། གཤེན་དགོན་དཀར་བ་དང་། འོལ་ཁ་བ་རྣམས་ལ་གདམས་པ་མང་དུ་གསན། དེ་ནས་གཡུ་བྲག་ལ་སོགས་པའི་སྒྲུབ་གནས་ལང་བོར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་གྲུབ་པ་བརྙེས།
ཚལ་གུང་ཐང་བཏབ། གཞན་དོན་དཔག་ཏུ་མེད་པ་མཛད་དེ་དོན་གཉིས་པ་ཆུ་མོ་གླང་ལ་སྐུ་གཤེགས་སོ༎ སྲས་ལྷ་ཕྱུག་པ། དེའི་ཐུགས་ཀྱི་སྲས་ལྷ་ཕྱུག་པ་ནི། དོལ་ཞུགས་གྱི་ན་ལུང་དུ་ཡབ་སྔགས་འཆང་སངས་རྒྱས་སྐྱབས། ཡུམ་
མཚུར་མོ་ཤེས་རབ་སྐྱིད་ཀྱི་སྲས་སུ་མེ་ཕོ་སྟག་ལ་འཁྲུངས། གདུང་བ་ཟིག་རྔོག་མདོ་སྡེ་ལ་ཀྱཻ་རྡོར་གསན། བཅུ་དྲུག་པ་ལ་གཡུ་བྲག་ཏུ་བླ་མ་ཞང་ལ་སེམས་བསྐྱེད་ཐོབ། ཉེར་བདུན་པ་ལ་ངེས་འབྱུང་
སྐྱེས་ཏེ་གཉལ་དུ་བྱོན་ནས་ལོ་རོ་ཆུ་ཁྱེར་བའི་དྲུང་དུ་བྱོན། དེ་དུས་བླ་མ་ཞང་ཤིན་ཏུ་དྲེན་པ་བྱུང་ཏེ། ཟླ་བ་ཕྱེད་ཙམ་ན་ཚུར་ལོག་ནས་ཞང་སྒྲགས། མདའ་ན་ཆོས་གསུང་བའི་དུས་སུ་ཆུ་མོ་སྦྲུལ་གྱི་ལོ་