R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 203b
[A:203b]སྨད་དགེ་རིའི་འདབ་ཏུ་ཡབ་སྟེང་པ་ཏོག་འབར་དང་། ཡུམ་མཐའ་མོ་བུ་སྐྱིད་ཀྱི་སྲས་སུ་མེ་མོ་ཕག་ལ་འཁྲུངས། གདུང་རུས་ག་རོད། དགུང་ལོ་དྲུག་པའི་ཚེ་གྱང་བུག་ཅིག་ན་ཕར་བལྟས་པས་
མཆོད་རྟེན་དང་བཅས་པའི་ཡུལ་ཁམས་མང་པོ་མཐོང་། ཕྱིས་རྒྱ་གར་དུ་བྱོན་དུས་དེ་ཀ་བཞིན་དུ་འདུག་གསུང་། མི་གཡོ་བ་ལ་བསྙེན་པ་དུམ་རེ་བྱས་པས་ངག་ནུས་ཆེ་བར་བྱུང་། མ་ཡར་སྡད་
པས་ལོ་བཅུ་གསུམ་པ་ལ་དྭགས་པོར་བྱོན་ཀློག་བསླབས་ཤིང་ཀློག་འདོན་བྱས་པའི་རྙེད་པ་ཕའི་ཁྱིམ་དུ་བསྐྱལ་བས་ཕ་ཡང་འབར། སྐྱོ་བ་སྐྱེས་ནས་དྭགས་པོར་བྱོན། སྐན་མོ་གནས་བརྟན་ལ་
སྐྲ་བཅད། བཅོ་ལྔ་ལ་མྱང་སྟོད་དུ་རྒྱ་འདུལ་ལས་རབ་ཏུ་བྱུང་། མཆིམས་ཐམས་ཅད་མཁྱེན་པ་ལ་སྤྱོད་ཕྱོགས་བསླབས། བཅུ་དགུ་ལ་རྒྱས་མཁན་པོ། གཉལ་བ་དགེ་འདུན་སྐྱབས་ཀྱིས་ལས་སློབ།
སྐྱི་ཕོ་ཚུལ་འཕགས་ཀྱིས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། ཉི་ཤུ་པ་ལ་རྒྱ་གར་དུ་འབྱོན་བཞེངས་ནས་དིང་རིར་ཕེབས་པ་ན་སྤྱན་རས་གཟིགས་ཀྱི་མི་ཞིག་ཏུ་སྤྲུལ་ནས་ལམ་གྱི་རྒྱུས་བཤད། དེ་