R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 203a
[A:203a]དཔེས་བསྟན་པ། བཅུད་ལེན། གེགས་སེལ། ཉམས་རྟོགས་བསྟན་པ་རྣམས་ལ་ཙ་མི་ལུགས་སུ་གྲགས། རྒྭ་ལོའི་སྦྱོར་དྲུག་གི་མན་ངག དེ་ཁོ་ན་ཉིད་ཀྱི་མན་ངག
རྣལ་འབྱོར་གྱི་དེ་ཁོ་ན་ཉིད་ཀྱི་མན་ངག འཆི་བ་བརྟག་པ། འཕོ་བའི་མན་ངག་རྣམས་ལ་རྒྭ་ལུགས་སུ་གྲགས། ཞང་གི་ཁྲིད་སྐོར་རྣམས་ལ་ཚལ་ལུགས་སུ་གྲགས་པ་རྣམས་བྱུང་
ངོ་༎ ཡང་བླ་མ་ཞང་། ཁམས་པ་རས་ཚང་བ། ཁམས་པ་རས་ཆེན། འདག་སྦྱར་བ་བྱང་ཆུབ་འབུམ། དེ་ལ་ཀུན་སྤངས་ཆེན་པོས་ཙ་མིའི་སྦྱོར་ཕྲེང་གསན་ནོ༎ རོང་གླིང་ལོ་ཙཱ་བ། རོང་གླིང་ལོ་ཙཱ་བ་ནི།
གཉལ་རོང་གླིང་དུ་འཁྲུངས། རུས་རོང་པོ། རྟེན་དགེ་བསྙེན། མཚན་རྡོ་རྗེ་དབང་ཕྱུག མ་ག་དྷར་བྱོན་ནས་ཨ་བྷ་ཡ་དང་ཙ་མི་ལ་གཏུགས་ཏེ་གཞུང་གདམས་ངག་མང་དུ་གསན་ཅིང་། ཁྱད་
པར་དུ་དུས་འཁོར་ལ་མཁས་པར་གྱུར་ནས་བོད་དུ་ཕེབས་ཏེ། རོང་གླིང་དུ་སོགས་ཀ་ཞེས་པའི་གནས་བཏབ་སྟེ་འགྲོ་དོན་མཛད་དོ༎ སྟེང་ལོ་ཚུལ་ཁྲིམས་འབྱུང་གནས། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་སྦས་པ་ནི། གཉལ་