[A:19a]རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་པ་ན། ཟླ་བ་བཟང་པོས་ཕྱག་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་དཔྲལ་བར་ཐལ་མོ་སྦྱར་ནས། རྒྱུད་ཐམས་ཅད་ཀྱི་
རྡོ་རྗེའི་ཚིག་མ་ལུས་པར་གསལ་བ་སངས་རྒྱས་རིན་པོ་ཆེའི་ཟ་མ་ཏོག་ཁ་འབྱེད་པ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། ཤམྦྷ་ལ་ན་གནས་པ་རྣམས་ཀྱི་སེམས་རྣམ་པར་དག་པ་བསྐལ་བ་དང་ལྡན་
པར་གཟིགས་ནས། རྡོ་རྗེའི་ཚིག་ཁ་མ་ཕྱེ་བ་མེད་པས་རབ་ཏུ་གསལ་བར་བྱེད་པ་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ཡང་དག་པར་བསྟན་ཏོ༎ དེ་བཞིན་དུ་ཕྱག་རྡོར་གྱིས་ཞུས་པས་
དཔལ་འདུས་པའི་རྒྱུད་སྟོང་ཕྲག་ཉི་ཤུ་ལྔ་པ་དང་། སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་དང་། གདན་བཞི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང་། སངས་རྒྱས་ཐོད་པ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་
དང་། མཧཱ་མཱ་ཡཱ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་དང་། སྣ་ཚོགས་གཟུགས་ཅན་མས་ཞུས་པས་རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་དང་། རྡོ་རྗེ་ཕག་མོས་ཞུས་པས་བདེ་མཆོག་
མངོན་པར་བརྗོད་པ་འབུམ་པ་དང་། རྡོ་རྗེ་སྙིང་པོས་ཞུས་པས་ཀྱཻ་རྡོ་རྗེ་འབུམ་ཕྲག་ལྔ་པ་དང་། མཱ་མ་ཀཱིས་ཞུས་པས་རྡོ་རྗེ་བདུད་རྩིའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལ་སོགས་པ་རྣལ་འབྱོར་དང་རྣལ་འབྱོར་མའི་