[A:18b]ཁྲི་ལ་བཞུགས་ཏེ། རྒྱལ་སྲིད་བསྐྱངས་ནས་ལོ་དགུ་བཅུ་རྩ་དགུ་ལོན་པ་ཆོས་ཀྱི་འཁོར་ལོས་བསྒྱུར་བ་དེ། ནོར་བུ་རིན་པོ་ཆེི་ཅོད་པན་བཅིངས་པའི་སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་པོས་བསྐོར་བ། ལྷ་
དང་ལྷ་མ་ཡིན་དང་། མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་རྫུ་འཕྲུལ་གྱིས་འོངས་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་དང་མཎྜལ་སྔོན་དུ་འགྲོ་བས་ཞབས་ཀྱི་
པདྨོ་ཟུང་ལ་རིན་པོ་ཆེའི་མེ་ཏོག་གིས་མཆོད་ཅིང་ཡང་དང་ཡང་དུ་ཕྱག་བཙལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་དོན་དུ་གསོལ་བ་བཏབ་ནས་ཐལ་མོ་སྦྱར་ཏེ་སྤྱན་སྔར་འཁོད་པ་ལ།
དཔྱིད་འབྲིང་ནག་པ་ཟླ་བའི་ཉའི་ཉིན་ཤར་དུ་ཟླ་བ། ལྷོར་དུས་མེ། ནུབ་ཏུ་ཉི་མ། བྱང་དུ་སྒྲ་གཅན་ཡོད་པ་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་སུ། འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོརj
བདེན་དོན་རྣམ་པ་བཅུ་གཉིས་དང་། དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དེ་ཉིད་རྣམ་པ་བཅུ་དྲུག་གི་བདག་ཉིད་སྤྲོས་ཏེ། བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་སངས་རྒྱས་
དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་དང་། མཁའ་འགྲོ་དང་མཁའ་འགྲོ་མ་ཞིང་གི་རྡུལ་རྙེད་དང་མཉམ་པའི་འཁོར་གྱིས་བསྐོར་ནས་འཇིག་རྟེན་ལས་འདས་པའི་དབང་བསྐུར་ཏེ་འཁོར་