[A:209a]བྱུང་། མཁར་ཆུ་བ་ཆོས་བསམ་འོད་ནི། གཡའ་བཟང་གི་གདན་ས་ལོ་བཅོ་བརྒྱད་མཛད་པའི་དུས་སུ། ཨོ་རྒྱན་པ་གཡའ་བཟང་སུ་གདན་དྲངས། དུས་འཁོར་གྱི་དབང་
རྒྱུད་བཤད། ཁྱད་པར་དུ་བསྙེན་སྒྲུབ་གསན་ནས་ལྷོ་བྲག་མཁར་ཆུར་རྩེ་གཅིག་ཏུ་བསྒོམས་པས་བསྒྲུབ་པ་བརྙེས་སོ༎ སྙེ་མདོ་བ། སྙེ་མདོ་བ་ནི། ཡབ་མེས་སྔགས་རྙིང་མའི་རྒྱུད་པ། གདུང་རབས་ཉི་ཤུ་རྩ་ལྔའི་བར་དུ་
སྔགས་རྒྱུད་ཟམ་མ་ཆད་པར་བྱང་བའི་རིགས་ཅན། སྔགས་འཆང་བཀྲ་ཤིས་གྲགས་ལ་སྲས་གསུམ་བྱུང་བའི་ཆེ་བ་རྩེ་སྒང་པ། བར་པ་ཞིག་པོ་ཉི་སེང་། ཆུང་བ་མཁས་པ་བརྩོན་སེང་དང་གསུམ་འཁྲུངས། བརྩོན་
སེང་སྙེ་མདོར་བཞུགས་པ་ལ་སྲས་སྙེ་མདོ་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་བྱུང་། དེ་དང་ཡུམ་སྔགས་སྐྱེས་ཀྱི་རྣལ་འབྱོར་མ་དབང་ཕྱུག་སྐྱིད་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་ཀུན་དགའ་བཟང་པོ་རྒོད་ཚང་པའི་སྐྱེ་བ་ཡིན།
ཡབ་དང་ཨོ་རྒྱན་པ་ལ་དུས་འཁོར་གསན་པས་མཁས་པར་མཁྱེན། བར་པ་ཀུན་དགའ་མགོན་པོ། ཆུང་བ་ཀུན་མཁྱེན་ཀུན་དགའ་དོན་གྲུབ་པ་ནི། ས་ཕོ་འབྲུག་ལ་འཁྲུགས། ལོ་བཅུ་