[A:208b] དབོན་པོ་སོགས་ལ་དུས་འཁོར་གྱི་དབང་མཛད་པའི་ཚེ་རྫུ་འཕྲུལ་མང་དུ་བསྟན། དེ་དང་གཡའ་བཟང་སུ་རྒྱུད་བཤད་གནང་། གཡེ་རོང་དུ་ཡར་ལྷ་ཤམ་པོས་བསུ་བ་བྱས། དེ་ནས་གཉལ་དུ་བྱོན་ཏེ་ཟོམ་ཕུད་དུ་ཆོམ་
རྐུན་རྗེས་སུ་བཟུང་། དེ་ནས་གཉལ་སྨད་ལྟེའུ་རར་བྱོན་ཏེ་ཕྱག་རྫས་ཚན་ཆེ་བ་ཡོད་པ་རྣམས། མཁན་ཆེན་གཙང་པ་ལ་གཏད་ནས་དེའི་ཞིག་གསོས་ཀྱི་རྐྱེན་ལ་སྦྱར། ལོ་རོ་དང་མཚོ་སྣའི་བར་དུ་བྱོན་ནས་
གཞན་དོན་ས་འུར་དང་རྡོ་འུར་དུ་མཛད། ཕྱིར་ཧོར་རྒྱལ་ལོ་གོ་སེ་ལས་སྤྱན་དྲངས་ནས་ཧོར་ཡུལ་དུ་བྱོན། རྒྱལ་པོ་ལ་རིན་པོ་ཆེ་འབའ་ཞིག་གི་རྡུལ་ཚོན་གྱི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་
བསྐུར། རྡུལ་ཚོན་རྣམས་ཆུ་བོར་དོར། དངོས་པོའི་བཟུང་བ་ཁབ་ཙམ་ཡང་མེད་པར་ཕྱིར་བྱོན། བརྒྱད་ཅུ་པ་ས་མོ་བྱ་ལ་གཤེགས་སོ༎ དེའི་སློབ་མའི་གཙོ་བོ་ནི། རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་
པའི་སློབ་མ་རིན་པོ་ཆེ་མཁར་ཆུ་བ། སྙེ་མདོ་ཀུན་དགའ་དོན་གྲུབ། ཀརྨ་པ་རང་བྱུང་རྡོ་རྗེ། བླ་མ་དབུ་མ་པ། མཁན་ཆེན་བསོད་ནམས་འོད་ཟེར། རྟོགས་ལྡན་ཟླ་བ་སེངྒེ། གསེར་ཁང་པ་སོགས་