R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 210a
[A:210a]མན་ངག་དང་བཅས་པ་དང་། དབང་རྡོ་རྗེ་ཕྲེང་བ་གསན། གཞན་ཡང་ཐར་ལོ། གཡག་སྡེ་ལོ་ཙཱ་བའི་ཐུགས་སྲས་དཔེན་ལུང་པ། སྣར་ཐང་པ་དཔོན་མགོན། རྒྱལ་ཚ་
ལུང་མང་པོ། བླ་མ་སོ་པ། ཚལ་ཡང་དགོན་པ། ཀརྨ་པ་ཤི། འབྲི་ཁུང་པ་རྡོ་རྗེ་རིན་ཆེན་བསྟེན་ནས་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས། སྦྱོར་དྲུག་དང་། ཞི་ཕྱག་རྫོགས་གསུམ་གྱི་སྐོར་ཐམས་ཅད་ལ་
རྡོ་རུས་འཕྲོད་པར་སྒྲུབ་པ་སྙིང་པོར་མཛད་པས་མཉམ་རྗེས་མེད་པའི་ཐུགས་ལ་འཁྲུངས། ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། ཆོས་རྗེ་རང་བྱུང་རྡོ་རྗེ། གསང་ཕུ་བ་ཡོན་ཏན་དཔལ། སྣར་ཐང་
པ་སངས་རྒྱས་དཔལ། ལ་སྟོད་པ་རིན་སྨོན། མདོ་སྨད་པ་ཏིང་འཛིན་བཟང་པོ་སོགས་མཁས་བཙུན་མང་པོ་ལ་དུས་འཁོར་ལ་སོགས་པའི་འཕྲིན་ལས་བསྐྱངས། སི་ཏ་རིན་ཆེན་གྲགས་པ་དང་། གཡུ་སྦྱིན་དང་། དུ་ཝེན་
ཤ་སོགས་དཔོན་ཆེ་དགུ་མང་པོ་སྨིན་པར་མཛད། ཆོས་འབྱུང་། བསྡུས་རྒྱུད་ཀྱི་ས་བཅད། ཊི་ཀཱ། མངོན་དཀྱིལ། ཁྲིད་ཡིག་སོགས་བསྟན་བཅོས་མང་དུ་མཛད་དེ་རེ་གཅིག་པ་ས་ཕོ་འབྲུག་