R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 210b
[A:210b]ལ་མེ་ཏོག་གི་ཆར་དང་བཅས་ཏེ་མྱ་ངན་ལས་འདས་སོ༎ ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེ། ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་ནི། རྗེ་བཙུན་མི་ལའི་འཁྲུངས་ཡུལ་ལ་སྟོད་རྩེའི་ཕུར་ཤིང་ཕོ་སྤྲེའུ་ལ་འཁྲུངས། དགུང་ལོ་ལྔ་ན་ཨོ་རྒྱན་
པ་དང་མཇལ་ཞིང་། བདག་གི་ཞྭ་ནག་ཁྱེར་ཤོག་གསུངས་ནས་གུང་ལ་བཞུགས་པ་ན། ཁྱོད་དེར་བསྡོད་པ་ཅི་ཡིན་གསུངས་པས། མིང་ཡོངས་སུ་གྲགས་པས་ཀརྨ་པ་ཡིན། སེམས་ལ་དབང་ཐོབ་
ནའང་ལུས་མ་རྫོགས་པའི་རེ་ཤིག་ཁྱོད་ཀྱི་འོག་ཏུ་བསྡད་དོ་ཞེས་གསུངས། རང་བྱུང་རྡོ་རྗེ་ཞེས་པའང་ཀརྨ་པ་ཤིའི་གསང་མཚན་ཡིན་པས་མཚན་གཞན་མ་བཏགས་སོ༎ དེ་ནས་ཨོ་རྒྱན་པ་ལ་བདེ་དགྱེས་མ་
ཕུར་རྣམས་ཀྱི་དབང་དང་དུས་འཁོར་སྒྱུ་དྲྭ་འབྱུང་བོ་འདུལ་བྱེད་ཀྱི་རྒྱུད་རྣམས་དང་གདམས་པ་མང་དུ་གསན། བདུན་པ་ལ་མཁན་པོ་ཀུན་ལྡན་ཤེས་རབ་ལས་རབ་ཏུ་བྱུང་། དེ་ནས་མཚུར་ཕུར་གཉན་རས་ལ་ཀརྨ་
པའི་ཆོས་རྣམས་གསན། བཅོ་བརྒྱད་པ་ལ་མཁན་ཆེན་གཞོན་བྱང་པ་དང་། དགེ་འདུན་རིན་ཆེན་སོགས་ལས་བསྙེན་པར་རྫོགས། གསང་ཕུ་བ་ཤཱཀ་གཞོན་ལ་ཕར་ཚད་མངོན་པ་གསན། མདོ་རྒྱུད་བསྟན་