R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 216a
[A:216a]དབུ་མ་གསན། མཚུར་སྟོན་ཆོས་ཀྱི་རིན་ཆེན་ལ་མཁའ་འགྲོ་རྒྱ་མཚོའི་དབང་སོགས་ཆོས་མང་པོ་དང་། ཁྱད་པར་སྦྱོར་དྲུག་གི་ཁྲིད་དང་ཟབ་མོ་ནང་དོན་གསན་ཏེ་འདིའི་བརྒྱུད་པ་
ནི། རང་བྱུང་རྡོ་རྗེ། ཆོས་ཀྱི་རྒྱལ་མཚན་ཛ་ཡ་བཛྲ། ཆོས་ཀྱི་རིན་ཆེན་ཞེས་སོ༎ སྟག་རྩེ་སོགས་སུ་ཆོས་རྗེ་མཐོང་བ་དོན་ལྡན་པ་ལ་ཆོས་རྣམས་གཏད། རྐོང་པོར་ཉིན་ལམ་བཅུ་གཉིས་ཀྱི་བར་ཀྱི་
འཁྲུག་པ་ཞི་བའི་རྒྱ་བསྡམས། རྒྱ་ལ་དགོངས་པ་རྣམས་ཆོ་འཕྲུལ་དུ་མས་བཏུལ། ཀརྨར་མཐོང་བ་དོན་ལྡན་པའི་སྐུ་ཚེའི་བར་ཆད་བསལ། ཁམས་དབུས་ཀུན་ཏུ་འགྲོ་བའི་དོན་མཛད་ནས་ཞེ་བདུན་
པ་ཆུ་ཕོ་སྤྲེའུ་ལ་དགའ་ལྡན་མ་མོར་མེ་ཏོག་གི་ཆར་དང་བཅས་ཏེ་སྐུའི་བཀོད་པ་བསྡུས་སོ༎ ཆོས་རྗེ་མཐོང་བ་དོན་ལྡན། དེ་བཞིན་གཤེགས་པའི་སྐུའི་སྐྱེ་བ་ཆོས་རྗེ་མཐོང་བ་དོན་ལྡན་པ་ནི། ཀརྨ་དང་ཉེ་བའི་ས་ཆ་དོམ་དུ་སྔགས་འཆང་གཟའ་
མའི་སྲས་སུ་མེ་ཕོ་སྤྲེའུ་ལ་འཁྲུངས། མཁན་ཆེན་མགོ་བློན་པས་སྒར་དུ་གདན་དྲངས་ཏེ་འོལ་ཁར་ཚལ་མིན་པ་ལས་རབ་ཏུ་བྱུང་། དཀའ་བཞི་པ་རིག་པའི་རལ་གྲི། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས།