R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 215b
[A:215b]བའི་ཚུལ་བསྟན་ཏོ༎ རྗེ་འདི་ལ་སོགས་དབོན་རིགས་པའི་རལ་གྲི་རིན་ཆེན་བཟང་པོ་དང་། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་པ་དང་། ཟུར་མངས་པ་སོགས་སློབ་མ་མཁས་གྲུབ་མང་དུ་བྱུང་ངོ་༎ ཆོས་དཔལ་ཡེ་ཤེས་པ། དཔལ་མཁའ་སྤྱོད་པའི་སྐུའི་
སྐྱེ་བ་ཆོས་དཔལ་ཡེ་ཤེས་པ་ནི། ཡུལ་ཉང་པོར་ཡབ་ཁུ་བསམ་འགྲུབ་དང་། ཡུམ་བར་གཟའ་གཉིས་ཀྱི་སྲས་སུ་མེ་ཕོ་ཁྱི་ལ་སྐུ་མཛེས་ཤིང་ཞབས་ལ་རྒྱལ་ཞེས་པའི་ཡི་གེས་མཚན་པ་ཞིག་འཁྲུངས།
དགུང་ལོ་གཉིས་པ་ལ་སྟག་རྩེ་དང་དགའ་ལྡན་མ་མོ་སོགས་སུ་གདན་དྲངས། བྲག་དང་རྩིག་པ། གང་ལ་ཡང་ཐོགས་པ་མེད་པར་འབྱོན་པ་སོགས་རྫུ་འཕྲུལ་མང་པོ་བསྟན། ཆོས་བཟང་བ་ལ་མཁའ་སྤྱོད་བཀའ་
འབུམ་སོགས་ལུང་དང་དབང་ཁྲིད་མང་པོ་དང་། གྲགས་རྒྱལ་བ་ལ་བདེ་མཆོག་གསན། བརྒྱད་པ་ལ་ཆོས་རྗེ་དེ་བཞིན་གཤེགས་པ་དང་མཇལ་ཏེ་སྟག་རྩེར་རྗེ་དེ་ལས་རབ་ཏུ་བྱུང་། ཆོས་སྒྲུབ་བསྙེན་སྒྲུབ་
སྦྱོར་དྲུག་སོགས་དབང་ཁྲིད་མང་དུ་གསན། ཏའི་མིང་རྒྱལ་པོས་གནོད་སྦྱིན་བཟང་པོ་ཕུལ། འོལ་ཁར་ཚལ་མིན་པ་ལས་བསྙེན་པར་རྫོགས། རིག་པའི་རལ་གྲི་ལ་རང་བྱུང་རྡོ་རྗེའི་བཀའ་འབུམ་བྱམས་ཆོས་