R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 217a
[A:217a]ཕྲག་མང་པོ་ལ་ཆོས་ཀྱི་ཆར་ཕབ། འཕགས་ཡུལ་དང་རྒྱ་ནག་ཚུན་འཕྲིན་ལས་ཀྱི་ཁྱབ། དབུས་གཙང་ཁམས་སུམ་གྱིས་སའི་ཆ་ཀུན་ཏུ་ཞབས་ཀྱིས་བཅགས་ཏེ།
གང་དུ་ཆོས་གསུངས་པའི་སར་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་པ་དང་། རབ་ཏུ་གནས་པའི་མེ་ཏོག་རྒྱང་རིང་པོ་ནས་འཐོར་བ་ཡུལ་དུ་མ་བསྐལ་བའི་སར་འབབ་པ་སོགས་ངོ་མཚར་བའི་ཆོ་འཕྲུལ་དང་། མངོན་
པར་མཁྱེན་པས་དུས་གསུམ་ལུང་སྟོན་ཅིང་། གཞུང་བཤད་དང་གདམས་པ་སྩོལ་བ་དང་ཞལ་སྟོན་པ་དང་ཕྱག་གིས་དབང་བསྐུར་བའི་སྐྱེ་དགུའི་ཚོགས་དཔག་ཏུ་མེད་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་མཛད་པ་
ལས། བསམ་ཡས་མཆིམ་ཕུར་ཕེབས་པའི་ཚེ་བདག་ལ་རྗེ་རང་བྱུང་པའི་ཁྲིད་ཡིག་གི་སྟེང་ནས་ཡན་ལག་དྲུག་པའི་ཁྲིད་བཀའ་དྲིན་གྱིས་བསྩལ་ཏོ༎ ཞྭ་དམར་ཆོས་གྲགས་ཡེ་ཤེས་དཔལ་བཟང་། ཆོས་དཔལ་ཡེ་ཤེས་པའི་སྐུའི་སྐྱེ་བ་ཆོས་
ཀྱི་རྗེ་སྤྲུལ་བའི་སྐུ་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ནི། ཏྲེ་ཤོད་མཐིལ་ཏུ་ཡབ་ལྡོང་དགོན་པ་སྐྱབས་དང་ཡུམ་བསོད་ནམས་སྒྲོལ་མའི་སྲས་སུ་ཆུ་མོ་བྱ་ལ་སྐུ་བལྟམས། མཚན་མི་ཕམ་རྡོ་རྗེར་