R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 217b
[A:217b]གསོལ། འཁྲུངས་མ་ཐག་ནས་མཁྱེན་པའི་གཏིང་མི་དཔོགས་པའི་ཚུལ་གྱིས་ཐོགས་པ་མེད་པར་ཆོས་གསུངས་ཤིང་མངོན་པར་མཁྱེན་པས་དུས་གསུམ་ལུང་སྟོན། དགུང་ལོ་བཅུ་པ་ལ་གུ་ཤྲཱི་དཔལ་འབྱོར་དོན་གྲུབ་
ལས་དགེ་བསྙེན་མནོས། མཚན་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོར་གསོལ། དེ་ལ་དབང་ཁྲིད་ལུང་མང་དུ་གསན། བཅུ་གཅིག་པ་ལ་ཟུར་མངས་དགོན་པར་ཀརྨ་པ་དང་མཇལ། གུ་ཤྲཱི་བས་
མཁན་པོ། བན་དཀར་བས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། བན་དཀར་བ་ལ་གསང་འདུས་དང་ལྔ་ཚན་སོགས་གསན། བཅུ་གཉིས་པ་ལ་དགའ་ལྡན་མ་མོར་ཕེབས། བཅོ་ལྔ་པ་ལ་སློབ་དཔོན་
བླ་མ་རྒྱལ་མཚན་རྐོང་པོར་གདན་དྲངས་ནས་རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་ཁྲིད་ལུང་མང་པོ་དང་། ཁྱད་པར་ནག་པའི་ཟླ་བ་ལ་དུས་ཀྱི་འཁོར་ལོའི་དབང་མནོས་པའི་ཚེ་མར་མེའི་ཕྲེང་བ་ཞག་མང་དུ་འབར་
བ་བྱུང་། རྒྱུད་འགྲེལ་མན་ངག་དང་བཅས་པ་གསན། བཅོ་བརྒྱད་པ་ལ་སླར་ཡང་མདོ་ཁམས་ནས་ཟི་ལིང་མཁར་གྱི་བར་དུ་ཐེགས་ནས་སེམས་ཅན་གྲངས་མེད་པ་འཁོར་བ་མཐའ་ཅན་དུ་མཛད། དེ་ནས་ཧོར་ཡུལ་