R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 20a
[A:20a]སྙོམས་ཀྱི་ཐ་མར་བཞེས། འཇམ་དཔལ་ཆོས་སྟོན་པ་པོར་བསྐོས་ནས་གཟིམས། དྲི་ཟའི་རྒྱལ་པོ་རབ་དགའ་བདེན་པ་ལ་བཀོད། ཀུན་ཏུ་རྒྱུ་རབ་བཟང་རབ་ཏུ་བྱུང་སྟེ་
དགྲ་བཅོམ། དེ་ནས་སེང་གེའི་ཁྲི་ལས་བཞེངས་ཏེ་ཏཱ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་ཁྱེད་རྣམས་ངའི་སྐུ་གསེར་བཙོ་མ་ལྟ་བུ་ལ་ལྟོས་ཤིག ང་ནི་མྱ་ངན་ལས་འདའོ༎ སངས་རྒྱས་མཐོང་བ་
ནི་རྙེད་པར་དཀའ་བ་ཡིན་ནོ་ཞེས་གསུངས་ནས་ན་བཟའ་བསལ་ཏེ་སྐུ་གསལ་བར་བསྟན་ནས་སླར་གཟིམས་ཁྲི་ལ་གློ་གཡས་པ་ཕབ། དབུ་བྱང་ཕྱོགས་སུ་བསྟན། ཞབས་ལྷོ་ཕྱོགས་སུ་བརྐྱངས་ནས་སེང་གེའི་
སྟབས་ཀྱིས་གཟིམས་ཏེ། དགེ་སློང་རྣམས་ལ་འདུ་ཤེས་བཅུ་བསྟན་པའི་མདོ་གསུངས་ནས། ང་ནི་རྟག་ཏུ་ཞི་བའི་སྣང་བ་ལ་གནས་པས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ་ཞེས་བཀའ་བསྩལ་ནས་མཚན་
ཕྱེད་ན་མྱ་ངན་ལས་འདའ་བར་མཛད་དོ༎ དེ་ནས་ཞག་བདུན་ཕྲག་དང་པོ་ལ་སྐུ་གདུང་མ་བསྒུལ་བར་མཆོད། གཉིས་པ་ལ་གྱད་རྣམས་ཀྱིས་དཔག་ཚད་བཅུ་གཉིས་ཀྱིས་གང་བའི་མཆོད་པས་མཆོད་ཅིང་
ལྕགས་སྒྲོམ་དུ་བཞུགས་སུ་གསོལ་ནས་གྱད་ཀྱིས་བཏེགས་བཞིན་པར་ནམ་མཁའ་ལ་འཕགས་ཏེ་རྩྭ་ཅན་གྱི་གྲོང་ཁྱེར་ལ་ལན་བདུན་དུ་བསྐོར། གསུམ་པ་ལ་གྱད་ཀྱིས་དབུ་རྒྱན་བཏགས་པའི་མཆོད་རྟེན་