[A:20b]གྱི་དྲུང་དུ་སྤོས་ཤིང་བརྩིགས་པའི་སྟེང་དུ་བཞུགས་ཏེ་འོད་སྲུང་ཆེན་པོས་ཀྱང་མཇལ་ཐུགས་ཀ་ནས་མཆེད་པའི་མེས་སྤོས་ཤིང་བསྲེགས་ཏེ་ཞག་བདུན་དུ་འབར། བཞི་པ་པུར་སྒྲོམ་ཁ་ཕྱེ་བས་ཚེམས་མཆེ་
བ་གཉིས་བརྒྱ་བྱིན་དང་ལངྐའི་བདག་པོས་སྤྱན་དྲངས། ཚེམས་མཆེ་བ་འོག་མ་གཉིས་མ་གཏོགས་རིང་བསྲེལ་ཡུངས་འབྲུ་ལྟ་བུ་འབའ་ཞིག་ཏུ་གྱུར་པ། གྱད་ཀྱིས་བཟོས་པའི་གསེར་སྒྲོམ་ཁ་ལ་ཕྱེད་ཤོང་
བ་བརྒྱད་དུ་བླུགས་པས་མི་ལྷག་མི་ཆད་པར་གང་བ་རྩྭ་ཅན་གྱི་གྲོང་དུ་སྤྱན་དྲངས་ནས་བཞི་མདོར་མཆོད། སྣྲོན་གྱི་ཟླ་བའི་ཉའི་ཉིན་སྐུ་གདུང་གི་ཆེད་དུ་གཡུལ་འགྱེད་པར་བརྩམས་པ་ན་འོད་སྲུང་ཆེན་པོ་དང་།
འཇམ་དཔལ་གྱི་སྤྲུལ་པ་བྲམ་ཟེར་བྲེ་མཉམ་གྱིས་ཆ་བརྒྱད་དུ་བགོས་ཏེ། རྩྭ་ཅན་གྱི་གྱད། སྡིག་ཅན་གྱི་གྱད། རྒྱལ་རིགས་བུ་ལུ་ཀ། སིངྒྷ་གླིང་གི་རྒྱལ་པོ་ཀྲོཏྱ། ཁྱབ་འཇུག་གླིང་གི་བྲམ་ཟེ། སེར་སྐྱའི་
ཤཱཀྱ། ཡངས་པ་ཅན་གྱི་ལི་ཙཱ་བི། རྒྱལ་པོ་མ་སྐྱེས་དགྲ་རྣམས་ལ་བྱིན་པས་སོ་སོའི་ཡུལ་དུ་མཆོད་རྟེན་བརྩིགས་ཏེ་སྐུ་གདུང་གི་མཆོད་རྟེན་བརྒྱད་དུ་གྲགས་སོ༎ ཚེམས་གཉིས་ནི་ཚིག་འཛིན་དང་།
ཀ་ལིངྐའི་རྒྱལ་པོ་ལ་བྱིན་ནོ༎ གྱད་རྣམས་ཀྱིས་གསེར་སྒྲོམ་དེ་རྣམས་བྲམ་ཟེ་བྲེ་མཉམ་ལ་བྱིན་པས། དེས་དྲོ་ཎའི་རི་ལ་མཆོད་རྟེན་བརྩིགས་ཏེ། རི་དེ་ནི་ལོངས་སྤྱོད་ཀྱི་སའི་རི་དྲུག་གི་ཡ་གྱལ་ཡིན་པར་