R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 221a
[A:221a]རིགས་ཚོགས་ཀྱི་ཁྲིད། སྤྱོད་ཕྱོགས་ཀྱི་ཁྲིད་རྣམས་གནང་། དེ་ནས་ལྷ་ཞི་བ་འོད་ཀྱི་བསམ་ཡས་སུ་སྤྱན་དྲངས་ཏེ་ཆོས་མང་དུ་གསུངས། བསམ་ཡས་ཀྱི་བཀོད་པ་ལ་མཉེས་ཏེ་བི་ཀྲ་མ་ཤྲཱི་ལ་དང་དུས་
མཚུངས་སུ་འདུག་གསུངས། དེར་སངས་རྒྱས་དབོན་སྟོན་གྱིས་མཇལ་ཏེ་རྒྱ་མ་རིན་ཆེན་སྒང་དུ་གདན་དྲངས། སླར་སྲིན་པོ་རིར་ཕེབས། ཆག་ལོ་དགྲ་བཅོམ་གྱིས་གདན་དྲངས་ཏེ་ཐང་པོ་ཆེ་དང་། རིམ་གྱིས་གཉལ་ལྟེའུ་རར་ཕེབས།
ཡོས་ལོའི་དབྱར་གནས་དེ་ཉིད་དུ་མཛད། དགེ་སློང་ཚུལ་ཤིང་ལེན་པ་བདུན་བརྒྱ་བྱུང་། ལོ་པཎ་གཉིས་ཀྱིས་མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར་ཞིང་གསུངས། གསེར་ཕྱེ་འབུམ་པའི་ནུབ་ཀྱི་ཆོས་ཁྲི་ལ་ལོ་པཎ་གཉིས་
ག་བཞུགས་ནས་སེམས་བསྐྱེད་དང་ལམ་རིམ་གསུངས། ཞང་དང་སྐྱལ་བ་ལ་བསྙེན་རྫོགས་གནང་། རྣམ་རྒྱལ་མཆོད་རྟེན་བཞེངས་པས་མེ་ཏོག་གི་ཆར་བབ། དེ་ནས་ཐང་པོ་ཆེར་བྱོན་བསྟན་རྩིས་མཛད།
སྤུ་བུ་ངོར་ཡང་ཆོས་གསུངས། འབྲུག་ལོའི་དབྱར་གནས་ཐང་པོ་ཆེར་མཛད་ནས། འོན་ཟངས་རི་གཡེ་གངས་སར་ནས་སླར་གཉལ་ལྟེའུ་ར་དང་། དེའི་བུ་ལག་རོང་རྩེ་དཀར་ཆུན་དུ་ཐེགས་ཏེ་ཟངས་ཆེན་པ་སོགས་མཁས་བཙུན་