R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 220b
[A:220b]སྟེ་བསྔོ་བ་གནང་། དེར་བསོད་སྙོམས་འདྲེན་པ་ཤིན་ཏུ་མང་བས་གདན་གཅིག་གི་དུས་སུ་ཆོས་རྗེ་ཉིད་ལ་དྲངས་པའི་གདུགས་ཚོགས་ཀྱིས་དགེ་འདུན་ཉི་བརྒྱའི་འཚོ་བ་སྦྱོར། ཆོས་ཆེ་ཕྲ་མང་དུ་གསུངས་ཤིང་ལམ་རིམ་དང་
ཆོས་སྤྱོད་རྒྱས་པ་བརྩམས། པཎ་ཆུང་རྣམས་ལ་ས་སྡེ་དང་། ཚད་མ་སྡེ་བདུན་དང་། དུས་འཁོར་རྒྱུད་འགྲེལ་གནང་། གླང་ལོའི་དབྱར་གནས་ཀྱང་སླས་མོ་ཆེར་མཛད་དེ་མདོ་རྩ་དང་མེ་ཏོག་ཕྲེང་རྒྱུད་
གསུངས། དགག་དབྱེ་ཐོན་ནས་ཆུ་མིག་རིང་མོར་བྱོན། རིན་ཆེན་ཕྲེང་བ་དང་དཔེ་རྒྱན་གསུངས། རྒྱན་གོང་གནས་སུ་རྡོ་རྗེ་དཔལ་ལ་བསྙེན་རྫོགས་གནང་། དེ་ནས་སྲིན་པོ་རི་པས་སྤྱན་དྲངས་ཏེ། གཞུ་སྙེ་
དང་མཚུར་ཕུ་ནས་བརྒྱུད་ལྷ་ས་མཇལ་ནས་སྲིན་པོ་རིར་ཕེབས། དེར་ཕྱག་ལོ་དགྲ་བཅོམ་གྱིས་ཀྱང་མཇལ་བ་ལ་བྱོན། སྟག་ལོའི་དབྱར་གནས་ཀྱང་སྲིན་པོ་རིར་མཛད་དེ་མངོན་པ་ཀུན་ལས་བཏུས་ཛྙཱ་
ན་མི་ཏྲའི་འགྲེལ་པ་དང་བཅས་པ། སྤྱི་ཆོས་ལ་མྱ་ངན་མེད་ལུང་བསྟན་པ་དང་། ལས་རྒྱ་པ། གཞན་ཡང་བྱམས་ཆོས་ལྔ་དང་རིགས་ཚོགས་རྣམས་གསུངས། སྲིན་པོ་རིའི་གདན་ས་བ་ལ་བྱམས་ཆོས་ཀྱི་ཁྲིད་