R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 222a
[A:222a]གུ་གདོང་དུ་མཛད། དེ་མོ་ཐན་པ་ཆེ་བས་ཆར་འབེབས་མཛད་པ་ན། ཀླུ་བརྒྱད་དངོས་སུ་འོངས་ནས་ཆར་ཕུལ་ལྷ་བཙུན་གུང་ཐང་པ་ལ་བསྙེན་རྫོགས་གནང་། ཇོ་གདན་སེངྒེ་
དཔལ་ལ་ཁྱེད་བོད་ལ་གཏད་པ་མེད། རླུང་རེ་བཟུང་དྲོད་ཨེན་ཙམ་རེ་བྱུང་བ་དང་གྲུབ་ཐོབ་ཏུ་རེ་བར་འདུག་གསུངས། གཞན་གྱིས་ཕུལ་བའི་ཡོ་བྱད་ཡོད་དོ་ཅོག་ཁྲོ་ཕུའི་བྱམས་ཆེན་ལ་བཏང་། སྤྲེའུ་ལོའི་
དབྱར་གནས་ཁྲོ་ཕུར་མཛད། དབྱར་ཟླ་འབྲིང་པོ་ལ་བྱམས་ཆེན་གྱི་རབ་གནས་གནང་ནས་རིམ་གྱིས་མངའ་རིས་སུ་ཐེགས། བོད་ཀྱི་དགེ་སློང་རྗེས་སུ་འབྲང་བ་རྣམས་གཙང་པོ་བ་དང་། བྱང་རྡོར་རྣམ་གཉིས་ལ་
གཏད་ནས་སྟན་གཅིག་པའི་སྡེ་བཙུགས། པུ་ཧྲངས་སུ་ཆོས་ཀྱི་རྒྱལ་པོ་སྟག་ཚའི་བླ་མ་མཛད་ནས་བྱ་ལོའི་དབྱར་གནས་དེ་ཉིད་དུ་མཛད། དེ་ནས་ཕག་ལོ་ལ་ཁ་ཆེར་ཕེབས་ཏེ་ཐམས་ཅད་མཁྱེན་པའི་བཤེས་
གྱིས་གྲུབ་པའི་སྒྲོལ་མ་ལྷ་ཁང་དུ་གཙོ་བོར་བཞུགས་ཏེ། ལོ་བཅུ་དང་ཟླ་བ་དྲུག་གི་བར་དུ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས། དགུ་བཅུ་གོ་དགུ་པ་ཤིང་མོ་བྱའི་ལོ་དགའ་ལྡན་དུ་གཤེགས།