R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 222b
[A:222b]སྤུར་བཞུ་བའི་ཚེ་ནམ་མཁའི་རོལ་མོ་ལས་སིལ་སྙན་བདུན་པ་ཞེས་པའི་ཚིགས་སུ་བཅད་པ་བྱུང་བ་པཎྜི་ཏ་ཕྱེད་དང་ཉིས་བརྒྱས་ཡི་གེར་བཀོད་པ་ཡོད་དོ༎ དཔྱད་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། པཎ་ཆེན་འདི་ལ་བོད་ཀྱི་སློབ་མ་མང་དུ་བྱོན་པ་ལས། ཆོས་འདི་
པའི་སྲས་ཀྱི་ཐུ་བོ་ནི་དཔྱལ་ཆགས་གསུམ་གྱི། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ་ནི། དཔྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེའི་སྲས་ཀུན་དགའ་གྲགས་ལ་སྲས་ལྔ་ཡོད་པའི་བར་བ་ཡིན། གཞོན་ནུས་དུས་ནས་
ལྷ་ལུང་པ་ཇོ་བཟང་ཀྱི་དྲུང་དུ་དཔྱལ་བའི་ཆོས་སྐོར་ལ་སྦྱངས། ཕྱག་ན་རྡོ་རྗེ་བསྒྲུབ་པས་ཞལ་གཟིགས། འབྲིང་མཚམས་པ་ཞང་ལོ་ལས་ལོ་ཙཱ་བསླབས། ཞྭ་ལུའི་ཇོ་བོ་ལས་ལུང་བསྟན་ཐོབ་ནས།
ལྷ་ལུང་པས་ཀྱང་བཀའ་གནང་སྟེ། གྲོགས་མཆོག་དམ་པ་ཆག་ལོ་དགྲ་བཅོམ་དང་ལྷན་ཅིག་རྒྱ་གར་དུ་བྱོན། ཐོག་མར་མ་ཧཱ་བོ་དྷི་ལ་མཆོད་པ་ཕུལ་ཏེ་གསོལ་བ་བཏབ། ཤྲཱི་ན་ལནྡར་པཎ་ཆེན་
ཤཱཀྱ་ཤྲཱི་ལས་རབ་ཏུ་བྱུང་། བྱང་ཆུབ་ཤིང་དྲུང་དུ་ཨཱ་ནནྟཱ་ཀ་ར་ལས་ཐུགས་བསྐྱེད། རྡོ་རྗེ་གདན་དུ་ནིཀྵ་ལངྐ་བདེ་མཆོག་གི་དབང་ཐོབ། པཎ་གྲུབ་དེ་རྣམས་དང་། མུ་ནི་ཤྲཱི། ཀྵི་ཏི་གརྦྷ། ཤྲཱི་ལཱ་