[A:240b]རྣམས་ཀྱི་ཞལ་གཟིགས། གླང་ལོ་སྟོན་འབྲིང་གི་ཚེས་དྲུག་ལ་གཤེགས་སོ༎ དེ་ལ་དེ་ཉིད་ཀྱི་དབོན་པོ་དཔྱལ་ཨ་མོ་གྷས་སྦྱོར་དྲུག་གི་གདམས་པ་གསན་ཏེ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་གནང་བ་ནས་
རིམ་པར་བརྒྱུད་པ་བྱུང་ལ། ཡང་ཨ་མོ་གྷ་ནས། དཔལ་གཞོན་ནུ་ཡེ་ཤེས། ཐར་ལོ། བུ་སྟོན་ཞབས་ནས་རིམ་པར་བརྒྱུད་པ་བྱུང་ངོ་༎ དཔྱལ་ཆོས་བཟང་གི་སློབ་མ་གཉལ་པ་ཧྲུལ་
པོ་ཞེས་པས་སྒྲོམ་ལྡེའི་འགྲེལ་པ་མཛད་དེ། རིམ་པར་བརྒྱུད་ནས། ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ། སྤྲུལ་པའི་སྐུ་ཞྭ་དམར་ཅོད་པན་འཛིན་པའི་ཞལ་སྔར་བདག་གིས་ནོད་དོ༎ ཆག་ལོ་དགྲ་བཅོམ་པ། ཆག་ལོ་ཙཱ་
བ་དགྲ་བཅོམ་པ་ནི། ཆག་ཡོན་ཏན་རིན་ཆེན་གྱི་སྲས་ཆེ་བ། ཤིང་ཕོ་ཁྱི་ལ་འཁྲུངས། གྲོ་ལུང་པ་ཆེན་པོའི་སློབ་མ་ཆག་རིན་ཚུལ་ལས་རབ་ཏུ་བྱུང་། ཉི་ཤུ་པ་ལ་མདོ་སྡེ་ཕུག་ཏུ་སྟོང་འདུལ་
གྱི་བརྒྱུད་པ་མཁན་ཆེན་ཤུད་ཕུ་བ་དར་མ་བརྩོན་འགྲུས་ལ་བསྙེན་པར་རྫོགས། སྟེང་པ་ལོ་ཙཱ་བ་ལས་ལོ་ཙཱ་དང་དུས་འཁོར་བསླབས། བོད་དུ་བླ་མ་བཅོ་ལྔ་བསྟེན། ཆོས་ཕལ་ཆེ་བ་མཁྱེན།