R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 241a
[A:241a]ཁརྤས་ཎིས་ལུང་བསྟན་ནས་རྒྱ་གར་ལ་བྱོན། གངྒཱའི་འགྲམ་དུ་ཤི་སྐྱིད་ཀྱི་ཇག་པ་བྱུང་ཡང་བདེ་བར་རྡོ་རྗེ་གདན་དུ་བྱོན། ཉིན་རེ་བཞིན་གསེར་གྱིས་ཉོས་པའི་མེ་ཏོག་གི་
ཕྲེང་བ་ཟུང་འཐོར་བས་མ་ཧཱ་བོ་དྷིའི་སྙན་གོང་གཉིས་སུ་ངེས་བར་ཆགས། ཤཱཀྱ་ཤྲཱི། བུདྡྷ་ཤྲཱི། མཻ་ཏྲི་ཙནྟྲ། ནིཥྐ་ལངྐ། ཤྲཱི་ལཱ་ཀཱ་ར། ཨཱ་ནནྟཱ་ཀཱ་ར་གུཔྟ། དེ་ཝ་ཤྲཱི། ཀརྣ་ཊ་པ། ཨ་མོ་
གྷ་སྟེ་པཎ་ཆེན་དགུའི་ཞབས་བསྟེན་པས་ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར། ཚད་པས་བསྙུང་པ་ན་སྒྲོལ་མས་དངོས་སུ་ཁྲུས་གསོལ་པས་དེངས་ཤིང་ཏིང་ངེ་འཛིན་གྱི་སྒོ་དུ་མ་འཁྲུངས། རྒྱ་གར་གྱི་རྟེན་རང་བྱུང་བརྒྱད་ཅུ་
ཡང་གཟིགས། ན་ལནྡར་བོད་མཆོག་གི་ཞལ་གཟིགས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར། ཞེ་བདུན་པ་ལ་བལ་ཡུལ་ནས་པཎྜི་ཏ་བུདྡྷ་ཤྲཱི་གདན་དྲངས་ཏེ་ལྕགས་མོ་བྱ་ལ་ལོ་པཎ་གཉིས་ཀྱིས་ཆུ་མིག་
མགུར་མོ། འཕན་ཡུལ་རྒྱལ། ལྷས། ཐང་པོ་ཆེ་ལ་སོགས་པའི་གནས་རྣམས་སུ་བཞུགས་ཏེ་ཆོས་གསུངས། དེ་ནས་གཉལ་ལྟེའུ་རར་ཕེབས་ནས་མཁས་བཙུན་མང་པོ་ལ་རྒྱལ་བའི་ལམ་འཇུག་