R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 242a
[A:242a]བ་ཆོས་རྗེ་དཔལ་གྱིས་སྦྱོར་དྲུག་གི་ཁྲིད་གསན་ཏོ༎ ཆོས་རྗེ་ས་སྐྱ་པཎྜི་ཏ། ཆོས་རྗེ་ས་སྐྱ་པཎྜི་ཏ་ནི། སྐྱེ་བ་ཉི་ཤུ་ལྔར་འཇམ་དཔལ་གྱིས་རྗེས་སུ་བཟུང་བས་མཁྱེན་རབས་འགྲན་ཟླ་དང་བྲལ།
བཅོ་ལྔ་པ་ལ་རྗེ་བཙུན་ཆེན་པོ་ལས་ཡབ་མེས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད། མནལ་ལམ་དུ་དབྱིག་གཉེན་མཇལ་བས་མངོན་པ་བསླབ་མ་དགོས་པར་མཁྱེན། ཉེར་གསུམ་པ་ལ་ཆུ་མིག་རིང་
མོར་པཎ་ཆེན་ཤྲཱི་དང་མཇལ། པཎ་ཆེན་དབུས་སུ་བྱོན་གྱི་བར། བལ་པོ་སངྒྷ་ཤྲཱི་དང་། སུ་ག་ཏ་ཤྲཱི་ས་སྐྱར་སྤྱན་དྲངས་ནས་སྒྲ་ཚད་སྙན་ངག་སྡེབ་སྦྱོར་མངོན་བརྗོད་ཟློས་གར་སོགས་གསན་
ཅིང་། སྔར་མ་འགྱུར་བའི་རྣལ་འབྱོར་གྱི་རྒྱུད་གསུམ་ལ་གཅིག་འགྱུར་མཛད། པཎ་ཆེན་ཡར་ཕེབས་ནས། ཉེར་དགུ་པ་ལ་པཎ་ཆེན་གྱིས་མཁན་པོ། སྤྱི་པོ་ལྷས་པས་ལས་སློབ། དོན་མོ་རི་
པས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། པཎ་ཆེན་ལ་རྣམ་འགྲེལ་སོགས་དཀའ་ཆེན་བཞི། དུས་འཁོར་རྒྱུད་འགྲེལ་ཆ་ལག་དང་བཅས་པ་གསང་འདུས་འཕགས་སྐོར། ཡེ་ཤེས་ཞབས་ལུགས།