R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 241b
[A:241b]མངོན་རྟོགས་རྒྱན་པཎ་ཆེན་ཉིད་ཀྱི་འགྲེལ་པ་དང་བཅས་པ། དུས་འཁོར་གསང་འདུས་བདེ་དགྱེས་སོགས་གཞུང་གདམས་ངག་དང་བཅས་པ་པཎྜི་ཏས་རྒྱ་སྐད་དང་། ལོ་ཙཱ་བས་བོད་དུ་གསུངས། པཎ་ཆེན་
ལ་གསེར་སྲང་སུམ་བརྒྱས་གཙོས་པའི་འབུལ་ནོད་རྒྱ་ཆེན་པོ་མཛད་པས་ཤིན་ཏུ་དགྱེས། ཆུ་ཕོ་ཁྱིའི་སྟོན་གཉལ་ནས་སྟག་ནས་པཎ་ཆེན་བལ་ཡུལ་དུ་མ་ཕེབས་བར་གྱི་ཞབས་ཏོག་མཛད་
ཅིང་ཡར་ལམ་ཆུ་མིག་རིང་མོར་བསྟན་རྩིས་མཛད། ང་གསུམ་པ་ལ་པཎ་ཆེན་ཤཱཀྱ་ཤྲཱི་སྲིན་པོ་རི་ནས་བསུས་ཏེ་ཐང་པོ་ཆེ་དང་ལྟེའུ་ར་སོགས་སུ་གདན་དྲངས། པཎ་ཆེན་དེ་ཉིད་དང་། རཏྣ་ཤྲཱི་དང་། ཐམས་ཅད་
མཁྱེན་པའི་དཔལ་བཟང་པོ་རྣམས་ལས་གཞུང་མང་པོའི་འགྱུར་མཛད། སྟན་གཅིག་ཆོས་གོས་གསུམ་པ་དབུ་རག་ཞབས་རྗེན་རྡོ་རྗེའི་སྐྱིལ་དཀྲུང་སོགས་སྦྱངས་པའི་ཡོན་ཏན་དང་ལྡན། ཚུལ་ཁྲིམས་ཀྱི་དྲི་ངད་
ཀྱིས་ས་རྒྱང་པོར་ཁྱབ། པཎྜི་ཏ་དྷརྨ་ཤྲཱི་སོགས་རྒྱ་གར་བའི་སློབ་མ་མཁས་པའང་མང་དུ་བྱུང་། རེ་བཞི་པ་མེ་མོ་གླང་ལ་ལྟེའུ་རར་སྤྲུལ་བའི་སྐུའི་བཀོད་པ་བསྡུས་སོ༎ དེ་ཉིད་ལ་ཆག་ལོ་ཙཱ་