[A:243b]ཅིང་། སྡོམ་འབྱུང་དང་ཀུན་རིག་གི་དབང་དང་སེམས་བསྐྱེད། སྔགས་མཚན་ཉིད་ཐེག་པ་ཆེ་ཆུང་གི་གདམས་པ་མང་པོ་དང་ཁྱད་པར་སྦྱོར་དྲུག་གསན། ལོ་ཙཱ་མཁས་པར་མཁྱེན། བཅུ་གཅིག་པ་ལ། པཎ་ཆེན་ཤཱཀྱ་
ཤྲཱི་ལྟེའུ་རར་བྱོན་པ་ལ། སེམས་བསྐྱེད། རྡོ་རྗེ་རྣལ་འབྱོར་མའི་བྱིན་བརླབས། ལམ་རིམ་དང་། པཎ་ཆེན་ཐམས་ཅད་མཁྱེན་པའི་དཔལ་ལ་ཐུབ་པ་དགོངས་རྒྱན་གསན། བཅོ་ལྔ་པ་ལ་བཀྲ་ཤིས་ལྷུན་པོར་མི་གཡོ་བའི་ཞལ་
གཟིགས། ཉི་ཤུ་པ་ལ་མོན་འགར་སྡོང་པོ་རྩའི་གཙུག་ལག་ཁང་དུ། ཆག་ལོ་གོང་མས་མཁན་པོ། དགེ་རྒྱས་པ་སྟག་འདུལ་བ་འཛིན་པ་ལས་སློབ། འགར་ལྷ་སྡིངས་པས་གསང་སྟོན་མཛད་
དེ་བསྙེན་པར་རྫོགས། ཉེར་གཅིག་པ་ལ་ཆོས་རྗེ་གོང་མ་སྐུ་ཡར་བའི་ཞལ་ཆེམས་ལྟར་རྡོ་རྗེ་གདན་མ་མཐོང་བར་དུ་ལྡོག་རི་ཞེས་དབུ་བསྙུང་བཞེས་ནས་བལ་ཡུལ་དུ་བྱོན། པཎ་ཆེན་རཏྣ་རཀྵི་ཏ་འཕགས་པ་
ཤིང་ཀུན་ན་རྟེན་འགའི་རབ་གནས་མཛད་ཁར་ཕེབས་པས་མཉེས་ནས་བོད་ངོ་མཚར་ཆེ་གསུངས། དེར་ལོ་གཅིག་བཞུགས་ནས་ཁམས་པ་སྟོན་གྲགས་སོགས་དྲུག་དང་ལྷན་ཅིག་ཏུ་རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་